ཀྲུང་གོའི་གླུ་གཞས་འདུ་ཚོགས་ཀྱི་དཔལ་འབྱོར་རྒྱུན་མཐུད་དར་རྒྱས་ཕྱིན་པ།
ཀྲུང་གོའི་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། 2024ལོར་རྒྱལ་ཡོངས་ཀྱི་གླུ་གཞས་འཁྲབ་སྟོན་ཆེ་གྲས་ཀྱི་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་260ལྷག་ཙམ་ཟིན་ནས་དུས་མཚུངས་ལས་78.1%འཕར་བ་དང་། འཁྲབ་སྟོན་ལ་ལྟ་མཁན་མི་ཐེངས་ཁྲི་2900ལྷག་ཙམ་ཟིན་ནས་དུས་མཚུངས་ལས་45%འཕར་ཡོད། 2025ལོར་ཀྲུང་གོའི་ས་གནས་ཁག་གི་གླུ་གཞས་འདུ་ཚོགས་སྔར་བཞིན་ཚ་ཚ་འུར་འུར་ངང་སྤེལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཏའོ་ལུའེ་རོལ་དབྱངས་ཐོན་ལས་ཞིབ་འཇུག་ལྟེ་གནས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོའི་གླུ་གཞས་འདུ་ཚོགས་ཆེ་གྲས་ཀྱི་གྲངས་འབོར་དུས་མཚུངས་ལས་7.3%འཕར་བ་དང་ཁྱོན་འཁྲབ་སྟོན་བྱེད་ཐེངས་536ཟིན་པའི་ནང་འཁྲབ་སྟོན་ཐེངས་222ཧྭ་ཏུང་ས་ཁུལ་དུ་གཉེར་བ་རེད།
གླུ་གཞས་འདུ་ཚོགས་ལས་བྱུང་བའི་དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་ཆེན་པོ་དེ་གྲོང་ཁྱེར་མང་པོ་ཞིག་གིས་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐབས་བཟང་ཞིག་ཏུ་བརྩི་བཞིན་ཡོད། སི་ཁྲོན་ཞིང་ཆེན་གྱིས་ད་ལོའི་ཟླ་4པར། སི་ཁྲོན་དུ་གླུ་གཞས་འདུ་ཚོགས་ཆེ་གྲས་གཉེར་རྒྱུར་གདན་དྲངས་པའི་གཙོ་གཉེར་ཚན་པར་མཐོ་ཤོས་ལ་སྒོར་ཁྲི་500ཡི་ལྕག་སྐུལ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
ཧའེ་ནན་ཧའེ་ཁོའུ་གྲོང་ཁྱེར་གྱིས་གླུ་གཞས་འདུ་ཚོགས་ཆེ་གྲས་ཀྱི་སྤ་སེ་བཙོངས་ཚད་ཁྲི་3དང་། ཁྲི་6 དེ་བཞིན་ཁྲི་9བཅས་ཀྱི་གཞི་ཁྱོན་མི་འདྲ་བར་གཞིགས་ནས། བྱ་དགའ་སྒོར་ཁྲི་100དང་། ཁྲི་300 དེ་བཞིན་ཁྲི་500བཅས་སོ་སོར་སྤྲད་ཡོད། ས་གནས་སྲིད་གཞུང་གིས་གླུ་གཞས་འདུ་ཚོགས་ཀྱི་ཞིབ་མཆན་ཚོད་འཛིན་ལྷུག་ཏུ་བཏང་སྟེ། ཁ་གསབ་སྲིད་ཇུས་ངོ་མ་སྤྲོད་པའི་ཐོག་ནས་གྲགས་ཅན་སྒྱུ་རྩལ་པ་དང་གཞས་པ་དེ་བས་མང་བ་འཁྲབ་སྟོན་བྱེད་པར་གདན་དྲངས་པས། རྒྱལ་ཡོངས་ས་གནས་ཁག་གི་ན་གཞོན་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད་པ་རེད།
—— སིང་ཀ་ཕོར་གྱི《མཉམ་འབྲེལ་ཞོགས་པའི་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།