དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་པ་ལོང་གྲོང་ཚོས།

    འོལ་མོ་སེ་ཚོད་འདེབས་བྱས་ནས་ཐོན་ལས་གསར་པ་སྐྱེད་སྲིང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-21

    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་པ་ལོང་གྲོང་ཚོ་ནི་སྐྱེ་ཁམས་ཁོར་ཡུག་གཙང་ཞིང་གནམ་གཤིས་བཞའ་ཚན་ཆེ་བ་དང་། ས་རྒྱུ་གཤིན་པ། གཏེར་རྒྱུ་མང་པོ་འདུས་པ་བཅས་ལས་སྨན་སྤྱོད་རྩི་ཤིང་སྣ་ཚོགས་སྐྱེ་འཚར་ཡོང་བར་རྨང་གཞི་ཡག་པོ་བཏིང་ཡོད་ལ། རང་བྱུང་ཁམས་ཆེན་པོས་གནང་བའི་རང་བྱུང་སྨན་སྤྱོད་རྩི་ཤིང་གསོ་སྐྱོང་བྱ་ཡུལ་ཞིག་ཀྱང་རེད།

    ཐོན་ཁུངས་ཀྱི་ལེགས་ཆ་ཕུན་སུམ་ཚོགས་པོ་དེ་འདྲ་དང་ཁྲོམ་རའི་མདུན་ལམ་ཡངས་པོར་བརྟེན་ནས་པ་ལོང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་རང་འགུལ་ངང་ཞིང་ནང་དང་མུ་ཁ་དང་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཡུལ་མིའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ། ཐོན་ལས་འཕེལ་རྒྱས་ཐད་མང་ཚོགས་ཀྱི་རེ་བ་དང་སེམས་ཁྲལ་ཤེས་རྟོགས་བཅས་བྱས་པ་མ་ཟད། མི་སྣ་སྒྲིག་འཛུགས་བྱས་ནས་སྤུན་ཟླའི་ཤང་དང་གྲོང་རྡལ་དུ་འོལ་མོ་སེ་ཚོད་འདེབས་ལེགས་གྲུབ་བྱུང་བའི་ཉམས་མྱོང་སློབ་སྦྱོང་བྱེད་པར་བསྐྱོད་དེ། འདེབས་འཛུགས་ལག་རྩལ་དང་ཁྲོམ་རའི་ཕྱིར་ཚོང་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱས་པ་རེད། རིགས་པས་ཁུངས་སྐྱེལ་ཡང་ཡང་དང་ཇུས་འགོད་ཞིབ་ཚགས་བྱས་པ་བརྒྱུད། མཐར་འོལ་མོ་སེ་ཚོད་འདེབས་བྱེད་པ་དེ་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་རྣམ་གྲངས་སུ་གཏན་འཁེལ་བྱས་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་ཡུལ་མིའི་འབབ་འཕར་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། ཐོན་ལས་ལ་བརྟེན་ནས་གྲོང་ཚོ་དར་རྒྱས་གཏོང་བའི་ལམ་བུ་ཞིག་རྙེད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འོལ་མོ་སེ་ནི་བོད་ཀྱི་གསོ་བ་རིག་པའི་བང་མཛོད་ནང་གི་འོད་མདངས་བཀྲ་བའི་མུ་ཏིག་ཅིག་ཡིན་པ་དང་དེའི་སྨན་རྫས་ཀྱི་རིན་ཐང་དེང་རབས་གསོ་རིག་ཞིབ་འཇུག་ཁྲོད་ནས་རྒྱུན་ཆད་མེད་པར་ར་འཕྲོད་བྱུང་བ་དང་། ཁྲོམ་རའི་དགོས་མཁོ་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད་པས། དེའི་རིན་གོང་ཡང་མཐོ་རུ་འགྲོ་བཞིན་ཡོད་པ་མ་ཟད། དཔལ་འབྱོར་གྱི་རིན་ཐང་ཡང་ཧ་ཅང་ཆེན་པོ་ཡོད། གལ་ཏེ་འདེབས་འཛུགས་ལེགས་འགྲུབ་བྱུང་ཚེ་ཡུལ་མིར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་ཐུབ་ངེས་རེད།

    སྐྱེམས་སྟོང་ཤང་སྲིད་གཞུང་གིས་པ་ལོང་གྲོང་ཚོའི་འདེབས་འཛུགས་བྱ་ཡུལ་དུ་འོལ་མོ་སེ་མྱུ་གུ་5000མཁོ་འདོན་བྱས་ཤིང་། ཤང་གི་ལས་བྱེད་པས་རིགས་པའི་གཞུང་ལུགས་འགྲེལ་བཤད་དང་ས་གནས་ས་ཐོག་ཏུ་བཀོལ་སྤྱོད་བྱེད་སྟངས་གསལ་སྟོན་བྱས་པ་དང་ཡུལ་མིར་འདེབས་འཛུགས་ལག་རྩལ་དམར་ཁྲིད་བྱས་པ་མ་ཟད། ཡུལ་མིར་རྩྭ་ངན་དང་འོལ་མོ་སེའི་མྱུ་གུ་དབྱེ་འབྱེད་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།