ཟླ་བ་དྲུག་པའི་ཟླ་མཇུག་བར་རྒྱལ་ནང་དུ་གསར་གཏོད་ཆེད་ཁེའི་ནུས་ལྡན་གྲངས་འབོར་ཁྲི་501ཟིན་པ།
ཟླ་7ཚེས་17ཉིན། གསར་འགོད་པར་རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ཤེས་རིག་བདག་དབང་བྱ་གཞག་བརྟན་ཐོག་ཡར་འཕེལ་དང་ཡར་ཐོག་སྤུས་འཕར་བྱུང་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྣམ་པ་དེ་བས་མངོན་གསལ་དོད་པོ་ཡོད་པ་རེད། འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་བར། རྒྱལ་ནང་གི་གསར་གཏོད་ཀྱི་ཆེད་ཁེའི་ནུས་ལྡན་གྲངས་འབོར་ཁྲི་501ཟིན་པ་དེ་དུས་མཚུངས་ལས་13.2%འཕར་བ་དང་། རྒྱལ་ནང་དུ་ཚོང་རྟགས་ཐོ་འགོད་བྱེད་པའི་ནུས་ལྡན་གྲངས་འབོར་ཁྲི་4895.9ཟིན་པ་དེ་དུས་མཚུངས་ལས་6.6%འཕར་བ་དང་ཆ་སྙོམས་བྱས་ན་ཚོང་གཉེར་བྱེད་པོ་བཞིར་ཐོ་འགོད་ཚོང་རྟགས་1རེ་དབང་གི་ཡོད་པ་རེད།
རང་རྒྱལ་གྱི་ཁེ་ལས་ལག་རྩལ་གསར་གཏོད་བྱེད་པོའི་གནས་བབ་རྒྱུན་མཐུད་མཐོ་རུ་ཕྱིན་ཞིང་། རྒྱལ་ནང་དུ་ནུས་ལྡན་གསར་གཏོད་ཀྱི་ཆེད་ཁེ་དབང་བའི་ཁེ་ལས་ཁྲི་52.4ཟིན་པ་དང་། ནུས་ལྡན་གསར་གཏོད་ཀྱི་ཆེད་ཁེ་ཁྲི་372.7དབང་བ་དེས་རྒྱལ་ནང་གི་ནུས་ལྡན་གསར་གཏོད་ཀྱི་ཆེད་ཁེའི་སྤྱིའི་གྲངས་འབོར་གྱི་74.4%བཟུང་བ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་བརྒྱ་ཆའི་གྲངས་6.1འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།