དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁོངས་ཡུལ་སྐོར་གྱིས་རྒྱལ་ཁོངས་ཀྱི་འཛད་སྤྱོད་རྒྱུན་ཆད་མེད་པར་འཕར་བར་སྣེ་ཁྲིད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-20

    གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར། རྒྱལ་ཁོངས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་དང་རྒྱལ་མཚམས་བརྒལ་བའི་ཁྲལ་སློག་ལེགས་སུ་གཏོང་བའི་སྲིད་ཇུས་སོགས་ཀྱི་ཕན་འབྲས་རགས་ཙམ་མངོན་ཏེ་རྒྱལ་ཁོངས་འཛད་སྤྱོད་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བར་སྣེ་ཁྲིད་ཐུབ་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། རྒྱལ་མཚམས་བརྒལ་བའི་ཁྲལ་སློག་ལེགས་སུ་གཏོང་བའི་སྲིད་ཇུས་ཟླ་བ་ཐོག་མ(ཟླ་4ཚེས་27ནས་ཟླ་5ཚེས་26ཉིན་བར)ལག་བསྟར་བྱས་པར་བརྟེན་རྒྱལ་ཡོངས་ཁྲལ་བསྡུའི་སྡེ་ཚན་གྱིས་རྒྱལ་མཚམས་བརྒལ་བའི་ཁྲལ་སློག་གཉེར་བའི་གྲངས་འབོར་དུས་མཚུངས་ལས་116%དང་ཁྲལ་སློག་ཚོང་ཁང་གི་ཕྱིར་ཚོང་བསྡོམས་འབོར་56%འཕར་ཡོད། རྒྱལ་ཡོངས་སུ་རྒྱལ་མཚམས་བརྒལ་བའི་ཁྲལ་སློག་ཚོང་ཁང་5196བར་མང་དུ་ཕྱིན་ནས་2024ལོའི་ལོ་མཇུག་གི་ལྡབ་1.4ཟིན་ཡོད།

    “ཀྲུང་གོར་ཡུལ་སྐོར་བྱེད་པའི”ཚ་རླབས་རབ་ཏུ་འཕྱུར་བ་དེ་ནི་རྒྱལ་ཁོངས་སྟབས་བདེ་ཅན་གྱི་སྲིད་ཇུས་རབ་དང་རིམ་པ་ལས་བྱུང་ཡོད། རང་རྒྱལ་གྱིས་རང་བདག་སྒོ་དབྱེ་དང་ཕྱོགས་རྐྱང་པའི་སྒོ་དབྱེ་གོ་རིམ་ལྡན་པའི་སྒོ་ནས་རྒྱ་ཆེར་བཏང་བ་མ་ཟད། ཕྱོགས་རྐྱང་པ་ནས་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། མིག་སྔའི་བར། རང་རྒྱལ་གྱིས་རྒྱལ་ཁབ་55ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པ་དང་སྡོད་པའི་དུས་ཚོད་ཆུ་ཚོད་240བར་རིང་དུ་བཏང་བར་བརྟེན། ཕྱི་རྒྱལ་བ་ཀྲུང་གོར་ཡུལ་སྐོར་དང་ཚོང་དོན་གཉེར་རྒྱུར་སྣེ་ཁྲིད་ངེས་ཅན་ཐུབ་ཡོད། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་ཕྱི་རྒྱལ་བ་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་གྲངས་འབོར་བརྟན་པོ་འཕར་ནས་མི་ཐེངས་ཁྲི་3805.3ཟིན་ཏེ་དུས་མཚུངས་ལས་30.2%འཕར་བའི་ནང་། ཐོངས་མཆན་མི་དགོས་པར་རང་རྒྱལ་དུ་ཡོང་མཁན་ཕྱི་རྒྱལ་བའི་མི་ཐེངས་ཁྲི་1364ཟིན་པ་དེས་རང་རྒྱལ་དུ་ཡོང་མཁན་ཕྱི་རྒྱལ་བའི་71.2%བཟུང་ཞིང་། དུས་མཚུངས་ལས་53.9%འཕར་ཡོད།

    རྒྱལ་ཁོངས་ཀྱི་འཛད་སྤྱོད་རྒྱ་ཆེར་བཏང་ནས་འཛད་སྤྱོད་འཁྲུག་ཏུ་གཏོང་ཆེད་སྒུལ་ཤུགས་གསར་པ་བསྣན་པ་དང་བར་མཐོངས་གསར་པ་བཏོད་ཡོད། ཟླ་4ཚེས་26ཉིན། ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《རྒྱལ་མཚམས་བརྒལ་བའི་ཁྲལ་སློག་སྲིད་ཇུས་སྔར་བས་ལེགས་སུ་བཏང་ནས་རྒྱལ་ཁོངས་ཀྱི་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཏོན་པས་ས་གནས་ཁག་གིས་ལས་ཀའི་བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་ཏེ། ཚོང་ཁང་རྒྱ་ཆེ་རུ་གཏོང་བ་དང་། ཚོང་ཟོག་མང་དུ་གཏོང་བ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཅ་དངོས་ཉོ་བར་སྟབས་བདེ་བསྐྲུན་ཡོད། པེ་ཅིང་གིས་གྲོང་ཁྱེར་ཡོངས་ཀྱི་རྒྱལ་མཚམས་བརྒལ་བའི་ཁྲལ་སློག་ཚོང་ཁང་གིས“ཉོས་མ་ཐག་ཁྲལ་སློག”བྱེད་པའི་གཅིག་སྡུད་ཁྲལ་སློག་ས་ཚིགས་3བཙུགས་པ་དང་། ཧྲང་ཧའེ་ཡིས་ནན་ཅིང་ལམ་གྱི་ཚོང་ཁང་གིས་རྒྱལ་མཚམས་བརྒལ་བའི་ཁྲལ་སློག་རང་འགུལ་ཅན་གྱི་འཕྲུལ་ཆས་སྤྱད་པ། ཧྲེན་ཀྲེན་གྱིས་འགག་སྒོས་ཐུམ་སྒྲིལ་ཁ་མ་བཤིག་པར“ཤོག་བྱང་གཅིག་དང་ཐུམ་སྒྲིལ་གཅིག”གི་ཞིབ་བཤེར་བྱེད་ཐབས་སྔོན་ལ་ཁྱབ་གདལ་བཏང་ཡོད།

    “ཀྲུང་གོར་ཡུལ་སྐོར་བྱེད་པ”ནས“ཀྲུང་གོར་ཉོ་སྒྲུབ་བྱེད་པའི”བར་ནི་རྒྱལ་ཁོངས་ཡུལ་སྐོར་ཁྲོམ་རའི་འཕེལ་ཕྱོགས་གསར་པ་ཞིག་ཏུ་གྱུར་ཡོད། རིག་གནས་དང་ཡུལ་སྐོར་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། རྒྱལ་ཁོངས་ཡུལ་སྐོར་དང་དེ་བཞིན་ཉོ་སྒྲུབ་ཀྱིས་ཀྲུང་ཕྱིའི་དབར་སྤེལ་རེས་དང་མི་སྣ་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ་དང་ཕན་ཚུན་ཤེས་རྟོགས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། སྤྲོ་གསེང་ཁུལ། རིག་རྫས་འགྲེམས་ཁང་སོགས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་འདུས་མང་བའི་ས་ཁོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་ཀྱི་ཚོང་ཁང་སོགས་ཐོ་བཀོད་བྱས་ཏེ། རྒྱལ་མཚམས་བརྒལ་བའི་ཁྲལ་སློག་ཚོང་ཁང་དུ་འགྱུར་བར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱས་ཐོག རྒྱལ་མཚམས་བརྒལ་བའི་ཁྲལ་སློག་ཚོང་ཟོག་དང་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ་དང་། རྒྱལ་ཁོངས་ཡུལ་སྐོར་གྱི་གཏོང་སྤྲོད་སྟབས་བདེ་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ནས། ལས་དོན་མཐུན་སྦྱོར་དང་ཆ་འཕྲིན་མཉམ་སྤྱོད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། གཏོང་སྤྲོད་དང་ཁྲལ་སློག་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་རྒྱལ་ཁོངས་ཡུལ་སྐོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།