དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་6པའི་ཟླ་མཇུག་བར།

    རིམ་རྩིས་བརྒྱབ་ན་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྲི་680ལྷག་ཙམ་ལ་དབུལ་ལོག་དང་དབུལ་པོར་གྱུར་པའི་ཉེན་ཁ་སེལ་རོགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-20

     ཟླ་7ཚེས་17ཉིན། གསར་འགོད་པར་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་ཕྱོགས་ཡག་པོ་ཡོད་པ་དང་། དབྱར་འབྲུ་ཐོན་སྐྱེད་བརྟན་པོ་དང་ལོ་ལེགས་བྱུང་བ། ཞིང་པའི་ཡོང་འབབ་བརྟན་པོ་འཕར་བ། གྲོང་གསེབ་བརྟན་ལྷིང་དང་བདེ་འཇགས་བྱུང་ནས་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བར་སྲ་ཞིང་བརྟན་པའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

    མིག་སྔར། སྔ་སྨིན་ཆུ་འབྲས་བཅུ་ཆ་དྲུག་ཙམ་བསྡུས་ཟིན་ནས་ལོ་ལེགས་ཀྱི་རེ་བས་ཁེངས་ཤིང་། དབྱར་སྣུམ་གྱི་རྒྱ་ཁྱོན་དང་། མུའུ་རེའི་ཐོན་ཚད། སྤྱིའི་ཐོན་ཚད་བཅས་གསུམ་འཕར་བྱུང་ཡོད། སྟོན་འབྲུའི་རྒྱ་ཁྱོན་སྔོན་དཔག་བྱས་ན་བརྟན་ཁྲོད་ཅུང་འཕར་བ་དང་འཕར་ཚད་རྒྱུན་གཏན་ལས་ཅུང་མཐོ་བ་ཡོད་པ་རེད།

    ཟླ་6པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྲི་680ལྷག་ཙམ་ལ་དབུལ་ལོག་དང་དབུལ་པོར་གྱུར་བའི་ཉེན་ཁ་སེལ་རོགས་བརྟན་པོ་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་སྔོན་འགོག་དང་དབུལ་པོར་མི་འགྱུར་བའི་མཐའ་ཚད་བརྟན་པོ་བསྲུངས་ཡོད། རམ་སྐྱོར་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་རྒྱུར་རིགས་དབྱེ་སྐུལ་འདེད་བཏང་བ་དང་དབུལ་ལོག་སྔོན་འགོག་དང་ལས་ཞུགས་ཀྱི་འགག་སྒྲོལ་བྱ་སྤྱོད་གཏིང་ཟབ་སྤེལ་སྟེ། རྒྱལ་ཡོངས་སུ་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་གླ་པར་སྐྱོད་པ་དང་ལས་ཞུགས་བྱེད་པའི་གཞི་ཁྱོན་མི་ཁྲི་3283.3ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།