དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཚན་རིག་རྟོག་ཞིབ་གྲུ་གཟིངས“འགག་གསུམ་ཨང་དང་པོ”དངོས་སུ་རྩིས་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-20

     གསར་འགོད་པར་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། འབྲི་ཆུ་འབབ་རྒྱུད་ཀྱི་ཆུའི་ཏུན་ཚད་ཆེ་ཤོས་ཀྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས“འགག་གསུམ་ཨང་དང་པོ”དངོས་སུ་རྩིས་སྤྲད་པ་རེད། ཚན་རིག་རྟོག་ཞིབ་གྲུ་གཟིངས“འགག་གསུམ་ཨང་དང་པོ”དེ་ཉིད་གཙོ་བོ་འགག་གསུམ་ཆུ་མཛོད་ཆུ་རགས་ཁུལ་གྱི་ཆུའི་ཁོར་ཡུག་དང་། ཆུ་དཔྱད་བྱེ་འདམ། ཆུ་མཛོད་ཀྱི་ས་གཤིས་གནོད་འཚེ་སོགས་འགག་རྩའི་ཁྱབ་ཁོངས་ཀྱི་ལྟ་ཞིབ་ཚད་ལེན་ཞིབ་འཇུག་དང་། དེ་བཞིན་རྒྱུན་གཏན་གྱི་སྐོར་ཞིབ་ལས་དོན་དེ་བས་ནུས་ཆེ་སྤེལ་བར་སྤྱོད་ཀྱི་ཡོད་པ་རེད།

    ཚན་རིག་རྟོག་ཞིབ་གྲུ་གཟིངས“འགག་གསུམ་ཨང་དང་པོའི”སྤྱིའི་རིང་ཚད་ལ་སྨི་56.7དང་། ཞེང་ཚད་ལ་སྨི་9.8 གཏིང་ཚད་སྨི་3.5 ཇུས་འགོད་བྱས་པའི་ཆུར་དིམ་ཚད་སྨི་2.1 ཇུས་འགོད་བྱས་པའི་མཚོ་འགྲུལ་མྱུར་ཚད་མགྱོགས་ཤོས་ལ་ཆུ་ཚོད་རེར་སྤྱི་ལེ་24བཅས་ཟིན་གྱི་ཡོད་པས། གྲུ་པ་7དང་ཚན་རིག་ཞིབ་འཇུག་པ་30ཡིས་དུས་གཅིག་ཏུ་ལས་དོན་སྒྲུབ་ཐུབ་ཀྱི་ཡོད། གྲུ་གཟིངས་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་པ་དང་འབྲེལ་དཔེ་ལེན་ཁང་དང་། སྐམ་ཁུལ་ཚོད་ལྟ་ཁང་། གཤེར་ཁུལ་ཚོད་ལྟ་ཁང་། བགྲོ་གླེང་གྲོས་མོལ་ཁང་སོགས་ཁེར་རྐྱང་གི་བྱེད་ནུས་ཁུལ་བཀོད་སྒྲིག་བྱས་ཡོད་པས། གྲུ་གཟིངས་སྐྱོད་རིང་དུས་ཐོག་ཏུ་ཆུའི་ཁོར་ཡུག་གི་དམིགས་ཚད་ཁག་11རང་འགུལ་ངང་ཞིབ་དཔྱད་ཚད་ལེན་བྱེད་ཐུབ་པ་དང་འབྲེལ། སྐམ་སའི་ཚོད་ལྟ་ཁང་དང་མཉམ་དུ་གྲངས་གཞི་བརྒྱུད་འདྲེན་དང་འདུས་གྲུབ་བྱེད་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།