ཞིང་ཆེན་བསྒྲལ་ཏེ་མཉམ་འགུལ་ཐད་གཏོང་ནས་ལས་གནས་བཀོད་སྒྲིག་བྱས་པ།
“དྲ་ཐོག་ལས་ཞུགས”ཀྱི་ལས་སྟེགས་སྤྱད་དེ“མི་སྤྱིའི(ལས་ཞུགས)ཅུས་ཀྲང་ཐད་གཏོང་ཁང་དུ་ཞུགས་པའི”བྱེད་སྒོ་སྤེལ་བ།
གསར་འགོད་པས་མི་སྤྱི་པུའུ་ནས་ཤེས་རྟོགས་བྱས་པར། སྐབས་དྲུག་པའི“ཉིན་བརྒྱ་ཡི་ནང་ལས་མི་ཁྲི་སྟོང་མང་པོ་བསྡུ་བའི་ཆེད་དོན་བྱ་སྤྱོད”ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། “དྲ་ཐོག་ལས་ཞུགས”ཀྱི་ལས་སྟེགས་སྤྱད་དེ“མི་སྤྱིའི(ལས་ཞུགས)ཅུས་ཀྲང་ཐད་གཏོང་ཁང་དུ་ཞུགས་པའི”ཞིང་ཆེན་བསྒྲལ་ནས་མཉམ་འགུལ་ཐད་གཏོང་ནས་ལས་གནས་བཀོད་སྒྲིག་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ལས་སྟེགས་དེས་བོད་རང་སྐྱོང་ལྗོངས་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་མི་སྤྱི་ཐིང(ཅུས)གིས་བོད་དང་ཤིན་ཅང་དུ་ཞིང་ཆེན་བསྒྲལ་ནས་མཉམ་འགུལ་ཐད་གཏོང་ནས་ལས་གནས་བཀོད་སྒྲིག་བྱས་པ་དང་། མི་སྤྱིའི(ལས་ཞུགས)ཅུས་ཀྲང་ཐད་གཏོང་ཁང་དུ་ཞུགས་ཏེ་དབང་གྲགས་ལྡན་པའི་སྲིད་ཇུས་གསལ་འགྲེལ་དང་། ལས་གནས་ཡག་པོ་འོས་སྦྱོར། ཆེད་ལས་ལས་འཚོལ་མཛུབ་ཁྲིད་བཅས་བྱས་ཏེ། རྒྱ་ཆེའི་ལས་ཀ་འཚོལ་མཁན་ལ་ལས་ཞུགས་ཐད་རོགས་རམ་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བཟོ་སྐྲུན་དང་། སྡེབ་ཚོང་སིལ་ཚོང་། ཚོང་དོན་ཞབས་ཞུ། སློབ་གསོ་སོགས་ལས་རིགས་ནས་ཡོང་བའི་ཁེ་ལས་10ཐད་གཏོང་ནང་ཞུགས་ནས། མཐོ་སློབ་སློབ་ཐོན་སློབ་མ་སོགས་ལས་ཀ་འཚོལ་མཁན་ལ་ཞིབ་སྤེལ་བཟོ་སྐྲུན་པ་དང་། གློག་ལས་བཟོ་སྐྲུན་པ། འཁོར་ཁང་གི་ལག་རྩལ་པ། མུ་འབྲེལ་གསར་སྤེལ་གྱི་གཙོ་གཉེར་བ་སོགས་ལག་རྩལ་དང་དོ་དམ་རིགས་ཀྱི་ལས་གནས་མཁོ་འདོན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།