ཀོང་ཤིས་ཀྱིས་འཆར་གཞི་བཏོན་ནས་གཞོན་ནུ་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་འགན་སྲུང་བྱས་པ།
ཉེ་ཆར། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་། རང་སྐྱོང་ལྗོངས་གླིང་ཁུལ་གཞུང་ལས་ཁང་བཅས་ཀྱིས《2025ལོའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་ཏེ། “ཤེས་ལྡན་པ་ཀོང་ཤིས་སུ་བསྡུ་བ”དང་། “རྩལ་ནུས་ལ་བརྟེན་ནས་ཀོང་ཤིས་དར་རྒྱས་གཏོང་བ”“སེམས་ལ་དྲོ་སྐྱིད་སྦྱིན་པའི་ཀོང་ཤིས”“ལས་ཞུགས་ལ་འཚམ་པའི་ཀོང་ཤིས”སོགས་ལས་ཞུགས་འཆར་གཞི་བཏོན་ནས་2025ལོའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུ་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་འགན་སྲུང་བྱས་ཡོད།
“ཤེས་ལྡན་པ་ཀོང་ཤིས་སུ་བསྡུ་བ”ཞེས་པའི་འཆར་གཞིས་ཐབས་ལམ་མང་པོ་བརྒྱུད་ལས་གནས་མང་དུ་བཏང་སྟེ། ཁེ་ལས་ཀྱིས་ཆེད་དམིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་ལས་ཤོར་གྱི་གཞོན་ནུ་བསྡུས་ནས་ཐེངས་གཅིག་མའི་ལས་གནས་མང་དུ་གཏོང་བའི་ཁ་གསབ་ལོངས་སུ་སྤྱོད་ཐུབ་པ་བྱས་ཏེ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་གསར་པའི་ལས་གནས་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། གཞི་རིམ་གྱི་ལས་ཞུགས་བར་མཐོངས་ཆེ་རུ་གཏོང་བ། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”སོགས་གཞི་རིམ་ལ་ཞབས་འདེགས་ཞུ་བའི་རྣམ་གྲངས་ལ་སྐུལ་འདེད་གཏོང་གི་ཡོད་པ་དང་། “རྩལ་ནུས་ལ་བརྟེན་ནས་ཀོང་ཤིས་དར་རྒྱས་གཏོང་བ”ཞེས་པའི་འཆར་གཞིས་ལས་ཞུགས་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་དམིགས་ཏེ། མཐོ་སློབ་ཀྱིས་སྔར་བས་བབ་བསྟུན་གྱི་སློབ་སྦྱོང་ལམ་ལུགས་འཛུགས་པར་སྐུལ་ལྕག་གཏོང་བ་དང་། གཞོན་ནུའི་ལས་འཚོལ་འཇོན་ཐང་ཆེར་གཏོང་གི་དངོས་སྦྱོང་བྱེད་པ། ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་གཞི་ཁྱོན་ཆེ་རུ་གཏོང་བ། ལས་ཞུགས་དང་ལྟ་སྦྱོང་ལས་གནས་ཁྱབ་བསྡུ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁེ་ལས་དང་སྲིད་གཞུང་གིས་མ་དངུལ་བཏང་བའི་རྣམ་གྲངས་སོགས་ལ་ཁ་ཕྱོགས་ནས་ལྟ་སྦྱོང་གི་ལས་གནས་གསར་སྤེལ་བྱེད་ཀྱི་ཡོད། “སེམས་ལ་དྲོ་སྐྱིད་སྦྱིན་པའི་ཀོང་ཤིས”ཞེས་པའི་འཆར་གཞིས་ལས་ཞུགས་ཞབས་འདེགས་ཡག་པོ་ཞུ་བར་གཞོལ་ཏེ། སློབ་གླིང་གི་སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། མི་སྤྱི་ཅུས་ཀྱི་ཅུས་ཀྲང་གི་ཆ་སྒྲིག་རོགས་སྐྱོར་གྱི་ཆེད་དོན་བྱ་སྤྱོད་དང་སློབ་གྲྭ་ཐོན་ཡང་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མར་ཞབས་འདེགས་ཞུ་བའི་འགག་སྒྲོལ་བྱ་སྤྱོད་ལག་ལེན་བསྟར་ནས་ལས་ཀ་འཚོལ་མཁན་གྱི་སློབ་ཐོན་སློབ་མར་སྲིད་ཇུས་དྲིལ་བསྒྲགས་དང་། ལས་རིགས་མཛུབ་སྟོན། ལས་གནས་འོས་སྦྱོར་དང་དེ་བཞིན་གསོ་སྦྱོང་དང་ཡང་ན་ལྟ་སྦྱོང་གི་གོ་སྐབས་སྐྲུན་གྱི་ཡོད། “ལས་ཞུགས་ལ་འཚམ་པའི་ཀོང་ཤིས”ཞེས་པའི་འཆར་གཞིས་ལས་ཞུགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་སྤྱོད་ཚན་པ་སོགས་ཀྱིས་ལུགས་མཐུན་གྱི་ལས་མི་བསྡུ་བའི་ཆ་རྐྱེན་འདོན་པར་མཛུབ་སྟོན་བྱེད་པ་དང་། མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་ལམ་གཙང་བཤེར་དང་དག་ཐེར་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ། ལས་ཞུགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ། ལས་འཚོལ་སྐོར་གྱི་བསླུ་བྲིད་གསལ་འདེབས་དང་གློག་འཕྲིན་ཁ་བསླུས་འགོག་ཟོན་སྐོར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་མ་ཟད། ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དང་དཔེ་མཚོན་དྲིལ་བསྒྲགས་བྱས་ནས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་དང་ལས་ཞུགས་ལས་གཏོད་སྲིད་ཇུས་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་རོགས་སྐྱོར་སྲིད་ཇུས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་ཡང་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།