དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཐོ་ཚད་དེ་བས་མཐོ་བའི་དུས་བདེའི་མཐོ་ས།

  • ཡོང་ཁུངས།  ཁྲིམས་སྐྱོང་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཏུང་ཧྥན་ཁྲའོ།   |     སྤེལ་དུས།  2025-07-20

    འཛམ་གླིང་ཡང་རྩེར་འགྱིང་ངེར་གནས་པའི་ས་གཞི་ཡངས་མོ་འདིས་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་རིང་མོའི་ཁྲོད་གསོན་ཉམས་དོད་པའི་ལེའུ་ཞིག་རྩོམ་ངེས་རེད།

    “རི་བོ་སྟོང་གི་རྩེ་མོ་དང་ཆུ་བོ་ཁྲི་ཡི་འབྱུང་ཁུངས”ཞེས་གྲགས་པའི་མཚོ་བོད་ས་མཐོའི་བརྗིད་ཆགས་ཤིང་ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་རྒྱུན་འཛིན། དེང་རབས་ཀྱི་འཚོ་བའི་རྣམ་པ་གཅིག་ལ་གཅིག་འགྲན་དུ་གནས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། 1965ལོའི་ཟླ་བ་9པར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ཕྱོགས་ཡོངས་ནས་གཏན་འཁེལ་དང་ལག་བསྟར་བྱས་པས། ལམ་ལུགས་ཐོག་ནས་མི་རིགས་ཁག་གི་མི་དམངས་འདྲ་མཉམ་ངང་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ནང་ཞུགས་པའི་ཁེ་དབང་འགན་ལེན་བྱུང་ནས། བོད་འདི་ཉིད་དར་རྒྱས་ཡར་ཐོན་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ཕྱོགས་སུ་སྐྱོད་འགོ་ཚུཌ་ཡོད།

    ལོ་ངོ་60ཡི་རིང་། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དུས་རབས་འཕོ་འགྱུར་རྗེས་སུ་དམ་པོར་འབྲངས་ནས། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་། སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་དགོས་མཁོ་དངོས་ལ་གཞི་ཚུགས་པ། སྤྱི་ཚོགས་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་བཅོས་སྐྱོང་མ་ལག་དེ་བས་ཚན་རིག་དང་མཐུན་པར་སྐུལ་འདེད་བཏང་སྟེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    བསམ་བློའི་མཐོ་ཚད།

    དཀའ་ཚེགས་ཆེན་པོས་ལེགས་སྐྱེས་འབུལ་བའི་བགྲོད་ལམ་ཐོག་གི་མཚན་ཉིད།

    ལྷ་ས་སྐྱིད་ཆུའི་འགྲམ་དུ་ལངས་ནས་རྒྱང་རིང་ལ་བལྟས་ཚེ། ཉི་འོད་འོག་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་གི་འོད་མདངས་ཆེམ་ཆེམ་དུ་འཕྲོ་བ་་དང་། རྡོ་རིང་རྒྱབ་ངོས་སུ། “རྒྱལ་ཁབ་འཛུགས་པའི་ཐོག་མའི་དུས་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་མངོན་འགྱུར་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ལྷོ་ནུབ་མཐའ་མཚམས་འཛུགས་སྐྲུན་བཅས་བྱ་ཆེད། ཀྲུང་དབྱང་གིས་བོད་ལ་བཅིངས་འགྲོལ་གཏོང་རྒྱུའི་བཀའ་བཏང་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཡོད”ཅེས་པ་གསལ་པོར་བརྐོས་ཡོད།

    “ལམ་གཉིས”ཤར་གཏོང་ཐུབ་པ་ནི་མི་རབས་རྗེས་མར་བཞག་པའི་སྐྱེལ་འདྲེན་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་དེ་བས་ཀྱང་རེད།

    བོད་རྙིང་པར་ཚད་ལྡན་གྱི་གཞུང་ལམ་གཅིག་ཀྱང་མེད། ད་ཆ་བོད་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་བཅས་ཀྱིས་གཙོ་བོར་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་གཞི་རྩའི་ཆ་ནས་གྲུབ་སྟེ། མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་། ཤེས་དཔལ་ཡར་ཐོན་གྱི་ལམ་བུ། ཐུན་མོང་འབྱོར་ཕྱུག་གི་ལམ་བུ་བཅས་རེ་རེ་བཞིན་རང་བྱུང་འོབས་ཆེན་དང་། གྲོག་རོང་། གངས་རི་བཅས་བརྒལ་ནས་བདེ་སྐྱིད་ཀྱི་ས་བོན་བཏབ་པར་དུས་བདེའི་མེ་ཏོག་རབ་ཏུ་བཞད་ཡོད།

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས། “མཐའ་མཚམས་སྲུང་སྐྱོང་བྱེད་པ”ནི་ནམ་ཡང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་རེད།

    དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་པ་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གཞི་ཚུགས་པའི་བར་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་བདག་པོར་གྱུར་པ་ནས་མི་རིགས་ཁག་གི་མང་ཚོགས་ཁྲི་370ཡིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་བར། བོད་ཀྱིས་ལོ་ངོ་60སྤྱད་དེ་བདེ་འཇགས་ངོ་མ་ནི་ས་བབ་ཀྱི་མཐོ་ཚད་ཙམ་མིན་པར་མི་སེམས་གཏད་མིན་ལ་ཐུག་པ་དང་། སྲ་བརྟན་ངོ་མ་ནི་མཐའ་མཚམས་ཀྱི་འགོག་སྲུང་འཛིང་རགས་ཙམ་མིན་པར་བསམ་བློ་མཉམ་འདྲེས་ཐུབ་མིན་ལ་ཐུག་པ་བདེན་དཔང་བྱས་ཡོད།

    ཡར་བརྩོན་གྱི་སྟོབས་ཤུགས།

    གཞུང་འཁྱོངས་གསར་འབྱེད་ཀྱི་ལག་ལེན་ཁྲོད་གཅིག་ཏུ་བསྡུས་པ།

    ད་ལོ་ཚུན་དུ། བཟའ་ཚང་གི་གནད་དོན་དང་། ངལ་རྩོལ་གླ་ཆ། ཉོ་ཚོང་གན་རྒྱ་སོགས་ཀྱི་རྩོད་གཞི་འཕྲད་སྐབས། ཐད་ཀར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་འདུམ་འགྲིག་བྱེད་པར་འགྲོ་བ་ནི་བོད་ཀྱི་ས་གནས་ཁག་གི་མང་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད།

    མངའ་ཁོངས་ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་དོན་དངོས་ལ་དམིགས་ཏེ། རང་སྐྱོང་ལྗོངས་དབུ་བརྙེས་ཚུན། བོད་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་མང་ཚོགས་རང་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་བ་དེ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་འགག་རྩའི་ལྷུ་ཚིགས་ལ་བརྩིས་ནས་དམ་འཛིན་བྱས་ཏེ། བཅོས་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་བཅོས་སྐྱོང་ནུས་པ་ཆེ་རུ་ནུས་ལྡན་བཏང་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་དྲ་མིག་ཅན་གྱི་དོ་དམ་ལས་དོན་རྒྱུན་ཆད་མེད་པར་ཚགས་ཚུད་དུ་གཏོང་བའི་ངོས་ནས“གཉིས་ལྡན་དུད་སྦྲེལ”ནི་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་ཤིག་ཡིན་ཞིང་། དུད་ཚང་5ནས་20བར་དུད་སྦྲེལ་ཚན་པར་བྱས་ཏེ། དམངས་གཙོའི་འོས་འདེམས་བརྒྱུད་བདམས་ཐོན་བྱུང་བའི་སྤྱི་མིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ། འགལ་ཟླ་དང་རྩོད་གཞི་མཉམ་བཤེར་མཉམ་འདུམ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མཉམ་འགོག་མཉམ་སྡོམ་སོགས་སྤྱི་ཚོགས་བཅོས་སྐྱོང་ལས་འགན་ནང་ཞུགས་ནས་གཞི་རིམ་བཅོས་སྐྱོང་གི “མཐའ་སྣེའི”གསོན་ཤུགས་ནུས་ལྡན་འཕེལ་བར་བྱས་ཡོད།

    འདས་དོན་ལ་ཕྱིར་དྲན་དང་ད་ཆར་བསམ་གཞིགས་བྱེད་སྐབས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་བྱུང་བའི་འཕོ་འགྱུར་རླབས་པོ་ཆེའི་དོན་དངོས་ལས་ནམ་ཡང་གཞོམ་ཞིག་མེད་པའི་བདེན་དོན་ཞིག་ར་འཕྲོད་བྱུང་བ་སྟེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་དགོས་ཚེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡོད་གྱུར་ན་གཞི་ནས་སྒྲུབ་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ན་གཞི་ནས་མངོན་གྱུར་ཡོང་བ་དེ་རེད།

    བདེ་སྐྱིད་ཀྱི་རང་མདངས།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནས་གསལ་བར་བྱས་པ།

    བོད་ཀྱི་དཔལ་འབྱོར་ནི་ལྗང་མདོག་གི་རྐྱེན་པས་འཕེལ་རྒྱས་དང་། ལྗང་མདོག་དང་འགྲོགས་ཏེ་མདུན་སྐྱོད། ལྗང་མདོག་དང་བསྟུན་ནས་དར་རྒྱས་བཅས་བྱུང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།

    བོད་རྙིང་པར་ནགས་ཁུལ་ནི་སྤྱིའི་ཆར་རང་སྐྱེས་རང་སྐམ་ཡིན་ཞིང་། ཡར་ཀླུང་གཙང་པོ་དང་ལྷ་ས་སྐྱིད་ཆུ་འབབ་རྒྱུད་ཀྱི་རྒྱ་ཆེའི་ཞིང་ཁུལ་དུ་ལྗོང་ཤིང་ཉུང་བ་དང་ནགས་ཚལ་ཁེབས་ཚད་1%ཡང་ཟིན་གྱི་མེད་མོད། འོན་ཀྱང་ད་ཆ་ལྗོངས་ཡོངས་སུ་ནགས་ཚལ་ཁེབས་ཚད་12.31%བར་མཐོ་རུ་ཕྱིན་པ་དང་རྩྭ་ཐང་དུ་རྩི་ཤིང་ཁེབས་ཚད་48.02%ཟིན་པ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་30ལྷག་ཙམ་བྱས་ཡོད་པ་རེད།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱས་པ་བརྒྱུད་བོད་ཀྱི་མང་ཚོགས་མང་པོ་ཞིག“སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ”གསོག་ཐུབ་ཡོད། ཞིང་འབྲོག་མང་ཚོགས་ཁྲི་220ལྷག་ཙམ་ལ་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ལྗོངས་ཡོངས་སུ་ལོ་ལྟར་སྐྱེ་ཁམས་བདག་སྐྱོང་གི་ལས་གནས་ཁྲི་44བཙུགས་ཡོད་པ་དེས་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3500ཙམ་འཕར་ཡོད།

    དུས་ཐུང་ལོ་ངོ་དྲུག་ཅུའི་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཞིང་། བོད་ཀྱིས“ས་མཐོ་ལས་དེ་བས་མཐོ་བའི་དུས་བདེ”བརྒྱུད་ནས་འཛམ་གླིང་ལ་བོད་ཀྱི་དུས་བདེ་ནི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་ཀྱི་ངེས་ཤུགས་དང་། “ལམ་གཉིས”སྙིང་སྟོབས་ཀྱི་དུས་རབས་རྒྱུན་འཛིན་ཡིན་ལ། “མི་དམངས་ལྟེ་བར་འཛིན་པའི”ཐོག་མའི་བསམ་འདུན་བརྟན་སྲུང་བྱས་པ་ཞིག་དེ་བས་ཀྱང་ཡིན་པ་བསྒྲགས་ཡོད།

    གངས་ལྗོངས་ས་མཐོར་སྐལ་བཟང་མེ་ཏོག་རབ་ཏུ་བཞད་ཅིང་། “ཀྲུང་གོའི་བཅོས་སྐྱོང”གི་གསོན་ཉམས་དོད་པའི་ལག་ལེན་གྱིས་བོད་དུ་མུ་མཐུད་ལེའུ་གསར་པ་རྩོམ་བཞིན་ཡོད། ཏང་གི་འགོ་ཁྲིད་འོག་བོད་ཀྱི་དུས་བདེའི་མཐོ་ས་ཇི་ཙམ་བསྐྲུན་པ་དེ་ཙམ་གྱིས་མཐོ་རུ་འགྲོ་ངེས་ཡིན་པ་དང་། གངས་ལྗོངས་ཀྱི་བུ་ཕྲུག་ཚོས་སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་སྟོབས་ཤུགས་ཆེན་པོ་དེ་གཅིག་སྡུད་ཤུགས་ཆེན་བྱེད་བཞིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།