འདི་ལོའི་ལོ་སྟོད་དུ་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་3.33ཟིན་པ།
ཕྱི་རྒྱལ་བ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་ནང་འཛུལ་ཚད་དུས་མཚུངས་ལས་53.9%འཕར་བ།
▶ ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིས་རིམ་རྩིས་བརྒྱབ་ན་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་3.33ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་15.8%འཕར་ཡོད། དེའི་ནང་ནང་སའི་གྲོང་མི་མི་ཐེངས་དུང་ཕྱུར་1.59དང་ཀང་ཨའོ་ཐའེ་ཡི་གྲོང་མི་མི་ཐེངས་དུང་ཕྱུར་1.36ཟིན་པ་དེ་དུས་མཚུངས་ལས་15.9%དང་། 12.2%སོ་སོར་འཕར་ཡོད། ཕྱི་རྒྱལ་བ་མི་ཐེངས་ཁྲི་3805.3ཟིན་པ་དེ་དུས་མཚུངས་ལས་30.2%འཕར་ཡོད།
ཉེ་ཆར། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2025ལོའི་ལོ་སྟོད་ཀྱི་གནས་སྤོས་ཡུལ་མི་དོ་དམ་གྱི་གྲངས་གཞི་གཙོ་བོ་ཁྱབ་བསྒྲགས་བྱས་པ་རེད། ལོ་སྟོད་དུ། རྒྱལ་ཡོངས་ཀྱི་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིས་རིམ་རྩིས་བརྒྱབ་ན་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་3.33ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་15.8%འཕར་ཡོད། དེའི་ནང་ནང་སའི་གྲོང་མི་མི་ཐེངས་དུང་ཕྱུར་1.59དང་ཀང་ཨའོ་ཐའེ་ཡི་གྲོང་མི་མི་ཐེངས་དུང་ཕྱུར་1.36ཟིན་པ་དེ་དུས་མཚུངས་ལས་15.9%དང་། 12.2%སོ་སོར་འཕར་ཡོད། ཕྱི་རྒྱལ་བ་མི་ཐེངས་ཁྲི་3805.3ཟིན་པ་དེ་དུས་མཚུངས་ལས་30.2%འཕར་ཡོད་པ་རེད།
ལོ་སྟོད་དུ་གནས་སྤོས་ཡུལ་མི་ཅུས་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་8987ལ་འདྲི་རྩད་སོགས་ཀྱི་སྲིད་དོན་ཞབས་ཞུ་བསྒྲུབས་པ་དང་། ཀང་ཨའོ་ཐའེ་ཡི་གྲོང་མི་དང་། ཕྱི་རྒྱལ་གྱི་ཕྱིར་སྡོད་རང་མི། ཕྱི་རྒྱལ་བ་བཅས་མི་ཐེངས་ཁྲི་3059ལ་རིན་མེད་ངང་ཐོབ་ཐང་ཞིབ་བཤེར་ཞབས་ཞུ་བསྒྲུབས་པ། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིའི་ཞབས་ཞུའི་ལས་སྟེགས་12367གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་ཐེངས་ཁྲི་351.9ཡི་བློ་འདྲི་སོགས་དང་ལེན་བྱས་པར་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད།
རྒྱལ་ཡོངས་གནས་སྤོས་དོ་དམ་སྒྲིག་གཞིས་སྲིད་དོན་ཞབས་ཞུ་སྟབས་བདེ་ཅན་དང་མཐའ་མཚམས་ཞིབ་བཤེར་དང་འགག་སྒོ་ཤར་གཏོང་སྟབས་བདེ་ཅན་མུ་མཐུད་གཏིང་ཟབ་ཏུ་བཏང་བ་དང་། གནས་སྤོས་དོ་དམ་ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཡུལ་སྐོར་ཚོགས་པ་ཡུན་ནན་ཤིས་ཧྲོང་པན་ནར་ཡོང་བར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་བཏོན་ནས་ལག་བསྟར་བྱས་པ། ཧིན་རྡུ་ཉི་ཞི་ཡ་དེ་ཉིད་ཀྲུང་གོའི་ཆུ་ཚོད་240ཡི་རིང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་སྤྱད་འཐུས་རྒྱལ་ཁབ་ཏུ་གསར་དུ་བསྣན་པ། ཀྲུང་གོའི་རྒྱལ་མཚམས་ནང་འཛུལ་བ་དང་། སྡོད་པ། རྒྱལ་མཚམས་ནས་སྒྲོལ་བ་སོགས་འཁོར་འབྲེལ་ཧྲིལ་པོའི་སྐབས་བསྟུན་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ། འབྲེལ་ཡོད་གཙོ་གཉེར་སྡེ་ཚན་དང་མཉམ་དུ་ཕྱི་རྒྱལ་བའི་གཏོང་སྤྲོད་དང་། ཞག་སྡོད། འགྲིམ་འགྲུལ་སོགས་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་བ། རྒྱལ་ཕྱི་རྒྱལ་ནང་གི་མི་སྣ་འགྲོ་འོང་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ལོ་སྟོད་དུ་ཕྱི་རྒྱལ་བ་མི་ཐེངས་ཁྲི་1364རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་ནང་འཛུལ་བ་དེ་དུས་མཚུངས་ལས་53.9%འཕར་ཡོད་པ་རེད།
གཞན་ཡང་རྒྱལ་ཡོངས་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིས་རྒྱལ་མཚམས(མཐའ་མཚམས)དོ་དམ་ལ་འགོག་རྐྱེན་བཟོ་བའི་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་བར། ལོ་སྟོད་དུ་རྒྱལ་མཚམས(མཐའ་མཚམས)དོ་དམ་ལ་འགོག་རྐྱེན་བཟོ་བའི་ཉེས་གསོག་གྱོད་གཞི་བསྡོམས་6914མྱུལ་ཞིབ་ཐག་གཅོད་བྱས་པ་དང་། དོགས་ཡོད་ཉེས་ཅན་པ་ཁྲི་1.8ལྷག་ཙམ་བཟུང་བ། ཉེས་གསོག་ཚོགས་པ་223མེད་པར་བཟོས་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།