དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་མྱུར་སྐྱེལ་ལས་འབོར་བཅུ་ཆ་གཉིས་ཙམ་འཕར་བ།

    དབུས་ནུབ་ས་ཁུལ་གྱི་མྱུར་སྐྱེལ་ལས་འབོར་གྱིས་རྒྱལ་ཡོངས་མྱུར་སྐྱེལ་ལས་འབོར་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆའི་གྲངས་1.4མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-19

    ཚེས་16ཉིན། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་ད་ལོའི་ལོ་སྟོད་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་འཁོར་སྐྱོད་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ལས་འབོར་ནས་བལྟས་ན། ལོ་སྟོད་དུ་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་འབོར་རིམ་རྩིས་བརྒྱབ་ན་བསྐུར་མ་དུང་ཕྱུར་1045.1ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་16.9%འཕར་ཞིང་། དེའི་ཁྲོད་མྱུར་སྐྱེལ་ལས་འབོར་རིམ་རྩིས་བརྒྱབ་ན་བསྐུར་མ་དུང་ཕྱུར་956.4ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་19.3%འཕར་ཡོད། ལས་གཉེར་ཡོང་འབབ་ནས་བལྟས་ན། ལོ་སྟོད་དུ་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་8730.9ཟིན་པ་དེ་དུས་མཚུངས་ལས་8.3%འཕར་ཞིང་། དེའི་ཁྲོད་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་7187.8ཟིན་པ་དེ་དུས་མཚུངས་ལས་10.1%འཕར་ཡོད་པ་རེད།

    “ད་ལོའི་ལོ་སྟོད་དུ། ནང་མཁོ་རྒྱ་སྐྱེད་དང་འཛད་སྤྱོད་ཡར་སྐུལ་གྱི་སྲིད་ཇུས་ལག་བསྟར་མགྱོགས་པོ་བྱས་པས། མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་པ་མ་ཟད། མྱུར་སྐྱེལ་ལས་འབོར་ཡང་མགྱོགས་པོ་མང་དུ་འགྲོ་བར་རམ་འདེཌ་ཐུབ་ཡོད”ཅེས་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་རེད།

    གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་གྲོང་ཁོངས་གཅིག་པའི་མྱུར་སྐྱེལ་ལས་འབོར་རིམ་རྩིས་བརྒྱབ་ན་བསྐུར་མ་དུང་ཕྱུར་78.8ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ་དང་། ཡུལ་ཁུངས་གཞན་པའི་མྱུར་སྐྱེལ་ལས་འབོར་རིམ་རྩིས་བརྒྱབ་ན་བསྐུར་མ་དུང་ཕྱུར་857.4ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་20.6%འཕར་ཡོད། དབུས་ནུབ་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་དང་ལས་འབོར་རྒྱུན་མཐུད་མགྱོགས་མྱུར་འཕར་ཞིང་། མྱུར་སྐྱེལ་ལས་འབོར་གྱིས་རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ལས་འབོར་ནང་བཟུང་བའི་བསྡུར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.4མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།