དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨན་རྫས་རིགས་55གཅིག་སྡུད་ཉོ་སྒྲུབ་ཁག་བཅུ་གཅིག་པའི་ནང་འཇུག་རྩིས་ཡོད་པ།

    རྒྱལ་ཁབ་ཀྱི་སྨན་རྫས་ཉོ་སྒྲུབ་ཀྱི་སྒྲིག་སྲོལ་གསར་པ་ཐོན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-19

    ཚེས་15ཉིན། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་གཞུང་ལས་ཁང་གིས་གཅིག་སྡུད་ཉོ་སྒྲུབ་ཁག་བཅུ་གཅིག་པའི་སྨན་རྫས་རིགས་གདམ་གསེས་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། གདམ་གསེས་རིམ་པ་གསུམ་བྱས་པ་བརྒྱུད། སྨན་རྫས་རིགས་55གཅིག་སྡུད་ཉོ་སྒྲུབ་ཁག་བཅུ་གཅིག་པའི་རིན་གོང་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་ཡོད།

    རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་སྨན་རྫས་རིན་གོང་དང་འོས་སྐུལ་ཉོ་སྒྲུབ་སིའི་འགན་འཁུར་བས། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་རྒྱལ་ཁབ་ཀྱི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་གཞུང་ལས་ཁང་ལ་མཛུབ་ཁྲིད་བྱས་ནས“ནད་ཐོག་སྨན་བཅོས་བརྟན་པོ་དང་། སྤུས་ཚད་འགན་ལེན། ཁྱུ་མཐུན་འོས་དཔོད་སྔོན་འགོག འགྲན་རྩོད་དྲག་ཐལ་ལ་ངོ་རྒོལ”བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཉོ་སྒྲུབ་ཀྱི་སྒྲིག་སྲོལ་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    དང་པོ་ནི་སྨན་གསར་མིན་པ་གཅིག་སྡུད་ཉོ་སྒྲུབ་དང་། སྨན་གསར་གཅིག་སྡུད་ཉོ་སྒྲུབ་མི་བྱེད་པ་མཐའ་འཁྱོངས་ཀྱིས་ཉོ་སྒྲུབ་རིགས་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་དགོས། གཞན་ཡང་སྨན་རྫས་ཁག་གཅིག་ནད་ཐོག་ལ་སྤྱོད་སྐབས། དམིགས་བསལ་རང་བཞིན་དང་ཉེན་ཁ་ཆེ་བའི་གནས་ཚུལ་ཡོད་པས་གནས་སྐབས་ད་རེས་ཀྱི་གཅིག་སྡུད་ཉོ་སྒྲུབ་ཀྱི་ཁྱབ་ཁོངས་སུ་འཇུག་རྒྱུ་མིན།

    གཉིས་པ་ནི་སྤུས་ཚད་ཚོད་སྐོར་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྨན་སྤྱོད་བདེ་འཇགས་དེ་བས་ལེགས་པའི་ངང་འགན་སྲུང་བྱེད་དགོས། འོས་སྤྲོད་འོས་ཐོབ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས།

    གསུམ་པ་ནི་རྩིས་ཞུ་བྱེད་ཚད་དང་འབོར་བཅད་སྒྲིག་སྲོལ་ལེགས་སུ་བཏང་ནས་སྣ་མང་གི་སྨན་སྤྱོད་དགོས་མཁོ་དང་དེ་བས་ལེགས་པའི་ངང་འཚམ་པར་བྱེད་དགོས།

    བཞི་པ་ནི་ཧབ་གོང་སྒྲིག་སྲོལ་ལེགས་སུ་བཏང་ནས་ལས་རིགས་ལ་བག་ཡོད་ཀྱི་འགྲན་རྩོད་བྱེད་པར་ཁྲིད་སྟོན་བྱེད་དགོས། ལས་རིགས་ནང་ཁུལ་གྱི་འགྲན་རྩོད་དྲག་པོའི་སེམས་ནད་ལ་དམིགས་ཏེ། ཧབ་གོང་སྒྲིག་སྲོལ་ལེགས་སུ་བཏང་ནས་བག་ཡོད་ཀྱི་འགྲན་རྩོད་བྱེད་པར་ཁྲིད་སྟོན་བྱེད་དགོས།


    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།