རྒྱལ་ཁབ་ཀྱི“སློབ་མའི་བཏུང་བྱ་འོ་མའི་འཆར་གཞི”ལག་བསྟར་བྱས་ནས་ལོ་25སོང་རིང་སློབ་མ་ཁྲི་3134ལ་ཕན་པ་ཐོབ་པ།
ཟླ་7ཚེས་13ཉིན་ནས་ཚེས་15ཉིན་བར། ཀྲུང་གོ་འོ་མའི་ལས་རིགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་འོ་མའི་ལས་རིགས་ཀྱི་ཚོགས་ཆེན་སྐབས་བཅུ་དྲུག་པ་དང་། འོ་མའི་ལས་རིགས་སྟོབས་ཆེན་20ཡི་གླེང་སྟེགས་དང་2025ལོའི་ཀྲུང་གོའི་འོ་མའི་ལས་རིགས་འགྲེམས་ཚོགས་ཧྥུའུ་ཅན་ཞ་མོན་དུ་འཚོགས་པ་རེད། ད་ཐེངས་ཀྱི་འགྲེམས་ཚོགས་ལ་ཁེ་ལས་500ལྷག་ཙམ་ཞུགས་ཡོད་པ་དང་། འགྲེམས་གནས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་10ཟིན་པ་མ་ཟད། ལས་རིཌ་ཀྱི་ལྟད་མོ་བ་མི་ཐེངས་ཁྲི་6ཟིན་ཡོད་པ་རེད།
ད་ལོ་ནི་རྒྱལ་ཁབ་ཀྱི“སློབ་མའི་བཏུང་བྱ་འོ་མའི་འཆར་གཞི”ལག་བསྟར་བྱས་ནས་ལོ་25འཁོར་བའི་ལོ་རེད། འཆར་གཞི་དེས་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་བ་དང་། ས་ཁོངས་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེ་བཞིན་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། འཆར་གཞི་དེ་ཉིད་ལག་བསྟར་བྱེད་པའི་ཁྱབ་ཁོངས་དེ་ཐོག་མའི་དུས་ཀྱི་ཚོད་ལྟའི་གྲོང་ཁྱེར་5ནས་ད་ཆ་ཞིང་ཆེན་31བར་རྒྱ་སྐྱེད་བྱུང་བ་མ་ཟད། སློབ་གྲྭ་ཁྲི་10ལྷག་ཙམ་ལ་ཁྱབ་ནས་སློབ་མ་ཁྲི་3134ལ་ཕན་པ་ཐོབ་ཡོད། རྒྱལ་ཡོངས་སུ་སློབ་མའི་བཏུང་བྱ་འོ་མ་ཉིན་རེའི་ཆ་སྙོམས་མཁོ་སྤྲོད་བྱེད་ཚད་2001ལོའི་ཁྲི་50ནས་2024ལོའི་ཁྲི་2672བར་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།