དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་བདུན་པ་ཚུན་དུ་ས་གནས་མང་པོར་དྲོད་ཚད་མཐོ་བའི་གནམ་གཤིས་བསྟན་པའི་ཉིན་གྲངས་ཉིན་5ནས་8བར་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-19

    གསར་འགོད་པར་ཀྲུང་གོ་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བ་བདུན་པ་ཚུན་དུ། ཧོང་ཧོའེ་དང་། ཅང་ཧོའེ། ཅང་ཧན་བཅས་རྒྱུག་ཁུལ་དང་འབྲི་ཆུའི་ལྷོ་རྒྱུད་སོགས་ཀྱི་ས་ཆར་དྲོད་ཚད་མཐོ་བའི་གནམ་གཤིས་བསྟན་པའི་ཉིན་གྲངས་ཕལ་ཆེ་བ་ཉིན་5ནས་8བར་ཟིན་པ་དང་ས་ཁུལ་ཁག་གཅིག་ལ་ཉིན་9ནས་13བར་བསྟུད་མར་བསྟན་ཡོད།

    ཟླ་7ཚེས་3ནས་ཚེས་8ཉིན་བར་དང་དེ་བཞིན་ཟླ་7ཚེས་12ཉིན་ཚུན་དུ། རང་རྒྱལ་ལ་ཁྱབ་ཁྱོན་ཆེ་བའི་དྲོད་ཚད་མཐོ་བའི་གནམ་གཤིས་ཐེངས་གཉིས་བསྟུད་མར་བསྟན་ཞིང་། དེའི་ནང་ཟླ་7ཚེས་3ནས་ཚེས་8ཉིན་བར། རྒྱལ་ཡོངས་སུ་ཧྲེ་ཧྲི་ཏུའུ་35ལས་བརྒལ་ནས་ཤུགས་རྐྱེན་ཐེབས་པའི་ས་ཁོངས་སྤྱི་ལེ་ངོས་གྲུ་ཁྲི་315ཟིན་པ་དང་མི་འབོར་དུང་ཕྱུར་9.2ལ་ཤུགས་རྐྱེན་ཕོག་ཡོད། ཧྲན་ཏུང་གཡན་ཐའེ་དང་། ཅང་སུའུ་ཡན་གྲོང་སོགས་ཀྱི་རྒྱལ་ཁབ་རིམ་པའི་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་ཚད་ལེན་བྱས་པའི་དྲོད་ཚད་ལོ་རྒྱུས་ཀྱི་མཐོ་ཤོས་ལས་བརྒལ་ཡོད། དྲོད་ཚད་མཐོ་བའི་གནམ་གཤིས་སྟོན་ཐེངས་གཉིས་པ་དེ་ཧོ་ནན་གྱིས་ལྟེ་བར་བྱས་པའི་ཧྭ་བྱང་གི་ལྷོ་ཕྱོགས་དང་ཧུའུ་པེ་དང་། ཧྲའན་ཤིས། ཁྲུང་ཆིང་སོགས་ལ་རིམ་བཞིན་མཆེད་ཡོད། ཚེས་15དང་ཚེས་16ཉིན་ལ་ད་རེས་ཀྱི་དྲོད་ཚད་ཤུགས་ཆེ་ཤོས་ཀྱི་དུས་མཚམས་སུ་སླེབས་ནས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)29ཡི་རྒྱལ་ཁབ་རིམ་པའི་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་1400ཡིས་ཚད་ལེན་བྱས་པའི་གནམ་གཤིས་དྲོད་ཚད་ཧྲེ་ཧྲི་ཏུའུ་35ཟིན་པ་དང་། ཧྲའན་ཤིས་ཀྱི་ཤིས་ཨན་དང་། ཞན་དབྱང་། པའོ་ཅི་སོགས་ས་གནས་ཀྱི་དྲོད་ཚད་མཐོ་ཤོས་ལ་ཧྲེ་ཧྲི་ཏུའུ་42ལས་བརྒལ་བ་མ་ཟད། ཤིན་ཅང་ཐུའུ་ལུའུ་ཧྥན་གྲོང་ཁྱེར་ཏུང་ཁན་རྒྱལ་ཁབ་རིམ་པའི་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་ཚད་ལེན་བྱས་པའི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་45.7ཟིན་ཞིང་། རྒྱལ་ཁབ་རིམ་པའི་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་8ཀྱིས་ཚད་ལེན་བྱས་པའི་དྲོད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་ལས་བརྒལ་ཡོད་པ་རེད།

    གཞན་ཡང་། ཟླ་བདུན་པའི་གཟའ་འཁོར་དང་པོའི་རིང་། རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་100ཡིས་ཚད་ལེན་བྱས་པའི་མཚན་མོའི་དྲོད་ཚད་ཟིན་ཐོ་ལས་བརྒལ་ཡོད། ཧྲན་ཏུང་ཅི་ནན་ལ་མཚོན་ན། ཉིན་མོའི་དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ་29ཟིན་གྱི་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། 2000ལོ་ནས་བཟུང་། པེ་ཅིང་དང་། ཐེན་ཅིན། ཧོ་ནན་གྱི་ཀྲེན་ཀྲོའུ་སོགས་ས་གནས་ལ་བསྟན་པའི་དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ་28བསྟན་པའི་ཉིན་གྲངས་ལས་མངོན་གསལ་གྱིས་མཐོ་བ་དང་། ཅང་ཤིས་ནན་ཁྲང་གི་དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ་28བསྟན་པའི་ཉིན་གྲངས་ལས་མངོན་གསལ་གྱིས་མཐོ་རུ་ཕྱིན་པ་དེ་དུས་རབས་གོང་མའི་དུས་མཇུག་གི་ལོ་རེར་ཆ་སྙོམས་ཉིན་5ནས་7བར་ཡིན་པ་ནས་ཉེ་བའི་ལོ་10ཡི་ནང་ཉིན་གྲངས་21.7ཟིན་པའི་བར་མཐོ་རུ་ཕྱིན་ཡོད།

    ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱི་གནམ་གཤིས་སྔོན་བརྡ་ལྟར་ན། མ་འོངས་གཟའ་འཁོར་གཅིག་ནང་། ཧོང་ཧོའེ་དང་། ཅང་ཧན། ཅང་ཧོའེ་རྒྱུག་ཁུལ་དང་། ཧོ་པེའི་དབུས་ལྷོའི་རྒྱུད། འབྲི་ཆུའི་ལྷོ་རྒྱུད། ཧྲའན་ཤིས་ཀྱི་ཀོན་ཀྲུང་། སི་ཁྲོན་གྱི་གཤོངས་ས་སོགས་ཀྱི་ས་ཆར་ཧྲེ་ཧྲི་ཏུའུ་35ཡན་ཟིན་པའི་དྲོད་ཚད་མཐོ་བའི་གནམ་གཤིས་བསྟན་རྒྱུ་མ་ཟད། ས་ཆ་ཁག་གཅིག་ལ་དྲོད་ཚད་མཐོ་ཤོས་ལ་ཧྲེ་ཧྲི་ཏུའུ་39ནས་42བར་ཟིན་རྒྱུ་རེད། ཚེས་21ཉིན་ནས་བཟུང་དྲོད་ཚད་རིམ་བཞིན་ཆག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།