ཀྲུང་ཐེ་སློབ་གསོའི་ལས་རིགས་ཀྱིས་ཀྲུང་ཐེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས་འཚོགས་པ།
ཉེ་ཆར། ཐེ་ལན་སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག ཐེ་ལན་རྒྱ་ཡིག་དགེ་རྒན་སློབ་ཚོགས་ཀྱིས་པང་ཁོག་ཀྲུང་གོའི་རིག་གནས་ལྟེ་གནས་དང་། རྒྱ་སེ་མེ་ཏོག་ལྡུམ་ར་སློབ་འབྲིང་གི་ཁུང་ཙི་སློབ་ཁང་གིས་གཙོ་གཉེར་བྱས་པའི“ཀྲུང་ཐེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས”པང་ཁོག་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འཚོགས་པ་རེད།
ཐེ་ལན་སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་ཨུ་ཡོན་ལྷན་ཁང་རྩེར་སོན་མི་ཤུགས་ཐོན་ཁུངས་གསར་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་ཨཱ་ཐེ་ཐ་ཡཱས། ལོ་མང་རིང་། ཀྲུང་ཐེ་ཕྱོགས་གཉིས་པོས་རྒྱ་ཡིག་གི་རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་སུ་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་། མཉམ་ལས་ཟབ་ཏུ་གཏོང་བ། སློབ་གསོའི་སྤེལ་རེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་རྒྱུན་མཐུད་རྒྱ་སྐྱེད་གཏོང་བ་བཅས་བྱས་ཡོད། རྒྱལ་ཁབ་གཉིས་པོའི་སློབ་གསོའི་སྡེ་ཚན་གྱིས་ཁུང་ཙི་སློབ་གླིང་དང་ཁུང་ཙི་སློབ་ཁང་འཛུགས་པར་མཉམ་དུ་སྐུལ་འདེད་བཏང་བ་དང་ཆབས་ཅིག སྣ་མང་ཅན་གྱི་དམངས་སྲོལ་རིག་གནས་མཉམ་འགུལ་བྱེད་པའི་རྣམ་པ་རྒྱུན་ཆད་མེད་པར་མངོན་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།