དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རིའི་དབར“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ་ངོ་54འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་ལཱ་སི་ཝེ་ཅ་སིར་གཉེར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-19

    ཤིན་ཧྭ་གསར་འགྱུར་ཁང་ཨ་རིའི་གྲོང་ཁྱེར་ལཱ་སི་ཝེ་ཅ་སི་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཀྲུང་གོ་དང་ཨ་རིའི་དབར“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ་ངོ་54འཁོར་བར་དྲན་གསོ་ཞུ་བ་དང་། ཀྲུང་གོ་དང་ཨ་རིའི་ཕིང་ཕང་སྤོ་ལོའི་མཛའ་གྲོགས་སྤེལ་རེས་བྱེད་སྒོ་ཨ་རིའི་ནེ་ཧྭ་ཏ་ཀྲོའུ་ཡི་ལཱ་སི་ཝེ་ཅ་སིར་གཉེར་བ་རེད། འཛམ་གླིང་གི་ཕིང་ཕང་སྤོ་ལོའི་ལས་རིགས་མནའ་འབྲེལ་ཆེ་མོའི(WTT)ཨ་རིའི་བྱ་དགའ་ཆ་ཚང་ཐོབ་པའི་འགྲན་བསྡུར་ལ་ཞུགས་པའི་ཀྲུང་གོའི་ཕིང་ཕང་སྤོ་ལོའི་རུ་མི་མང་པོ་ཞིག་ས་གནས་དེ་གའི་སྡེ་ཁུལ་དུ་བསྐྱོད་དེ། ཨ་རིའི་ཕིང་ཕང་སྤོ་ལོའི་རུ་ཁག་གི་ལུས་རྩལ་པ་དང་ས་གནས་དེ་གའི་ཕིང་ཕང་སྤོ་ལོར་དགའ་པོ་བྱེད་མཁན་དང་མཛའ་གྲོགས་སྤེལ་རེས་བྱས་ནས། “ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱི་ལོ་རྒྱུས་དང་དངོས་ཡོད་ཀྱི་རིན་ཐང་གླེང་བ་རེད།

    ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀྲང་ཅན་མེན་གྱིས་བྱེད་སྒོར་གཏམ་བཤད་གནང་ཞིང་། ཁོང་གིས། “མིག་སྔའི་ཀྲུང་གོ་དང་ཨ་རིའི་འབྲེལ་བར་འཕྲད་པའི་འགྲན་སློང་དྲག་པོ་མང་པོར་ཕྱོགས་ནས། ང་ཚོས‘ཕིང་ཕང་སྤོ་ལོའི་ཕྱི་འབྲེལ’གྱི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་བ་དང་། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་མཐའ་འཁྱོངས་བྱེད་པ། ལུས་རྩལ་དང་། རིག་གནས། སློབ་གསོ། དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཁག་ཏུ་སྤེལ་རེས་ལས་སྟེགས་དེ་བས་མང་བ་སྐྲུན་པ། དུས་རབས་གསར་པའི‘ཕིང་ཕང་སྤོ་ལོའི་ཕྱི་འབྲེལ’གྱི་ངོ་མཚར་ལེའུ་མཉམ་དུ་རྩོམ་པ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་དགོས”ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།