ཀྲུང་གོའི་ཉེན་རྟོག་རུ་ཁག་ཁ་རེ་ཤེ་ཡར་བསྐྱོད་ནས་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ལས་འགན་སྒྲུབ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཁ་རེ་ཤེ་ཡའི་རྒྱལ་ཁབ་ཉེན་རྟོག་སྤྱི་ཁྱབ་ཅུས་ཀྱི་གདན་ཞུས་ལྟར། སྤྱི་བདེ་པུའུ་ཡིས་ཀྲུང་ཁ་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ཀྲུང་གོའི་ཉེན་རྟོག་རུ་ཁག་བཙུགས་པ་དང་འབྲེལ། ཟླ་7ཚེས་16ཉིན། ཁ་རེ་ཤེ་ཡར་དུས་ཡུན་ཟླ་བ་གཅིག་གི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ལས་འགན་སྒྲུབ་པར་བསྐྱོད་པ་རེད། མིག་སྔར་མཉམ་འབྲེལ་སྐོར་གཡེང་རུ་མི་8ཁ་རེ་ཤེ་ཡར་བདེ་བླག་ངང་འབྱོར་བ་དང་འབྲེལ། ཁ་རེ་ཤེ་ཡར་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་གི་འགོ་ཁྲིད་འོག་ལས་དོན་ཁག་སྤེལ་བཞིན་ཡོད།
སྤྱི་བདེ་པུའུ་རྒྱལ་སྤྱིའི་མཉམ་ལས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། 2017ལོར་ཀྲུང་ཁ་རྒྱལ་ཁབ་གཉིས་པོའི་ཉེན་རྟོག་ཕྱོགས་ཀྱིས་མཉམ་འབྲེལ་སྐོར་གཡེང་དྲན་ཐོར་མིང་རྟགས་བཀོད་པ་ནས་བཟུང་། ཕྱོགས་གཉིས་པོས་མཉམ་འབྲེལ་སྐོར་གཡེང་ཐེངས་5གྲུབ་འབྲས་ཐོབ་པའི་ངང་བྱས་ཤིང་། དེ་ཀྲུང་ཁ་ཁྲིམས་སྒྱུར་སྡེ་ཚན་གྱི་མཛའ་གྲོགས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ནས། ལས་རིགས་ཁག་གི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། ཀྲུང་གོའི་ཉེན་རྟོག་རུ་ཁག་གིས“མཉམ་ལས་དང་། གསར་གཏོད། ཁྲིམས་སྐྱོང་། གཉིས་ཕན”གྱི་རྒྱལ་སྤྱིའི་ཁྲིམས་སྒྱུར་མཉམ་ལས་ཀྱི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཁ་རེ་ཤེ་ཡའི་ཉེན་རྟོག་ཕྱོགས་ལ་ཁ་རེ་ཤེ་ཡར་ཡོད་པའི་ཀྲུང་གོའི་ཡུལ་སྐོར་བའི་བདེ་འཇགས་རེ་འདུན་ཐག་གཅོད་བྱེད་པར་གཞོགས་འདེགས་བྱས་ནས། བདེ་འཇགས་ཀྱི་ཡུལ་སྐོར་ཁོར་ཡུག་མཉམ་དུ་གཏོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།