དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འདྲ་པར་ལས་ཁྱིམ་གཞིས་ཀྱི་འགྱུར་ལྡོག་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-19

    འདི་ནི་1992ལོར་ཧོ་ཤིའུ་དབྱིང་གིས་བརྒྱད་གཅིག་ཞིང་རའི་ཀུ་ཤུ་ལྡུམ་རར་ཀུ་ཤུ་སྨིན་སྐབས་བརྒྱབ་པའི་པར་ཡིན་པ།

    འདི་ནི་2025ལོར་ཧོ་ཤིའུ་དབྱིང་གིས་རྣམ་པ་གསར་རྐྱང་གི་བརྒྱད་གཅིག་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་འདེགས་ཞུ་ཡུལ་Vས་ཚིགས་ཀྱི་སྒོ་འགྲམ(དེ་སྔའི་བརྒྱད་གཅིག་ཞིང་རའི་ས་ཆ་ཡིན་པ)དུ་དྲན་རྟེན་པར་རྒྱག་བཞིན་པ།

    1951ལོར་སོག་རིགས་ཡིན་པའི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་ཧོ་ཁྲེང་ཤིས་དང་དེའི་འཐབ་གྲོགས་ནང་སོག་ནས་ཤིན་ཅང་དང་དེ་ནས་སི་ཁྲོན་བརྒྱུད་བོད་ཀྱི་ལྷ་སར་ཡོང་བ་རེད། ལྷ་སར་འབྱོར་རྗེས་ཁོང་གིས་བོད་ཞི་བས་བཅིངས་འགྲོལ་དང་བརྒྱད་གཅིག་ཞིང་ར་ས་རྒོལ་སློག་པའི་ནང་སྔ་རྗེས་སུ་ཞུགས་པ་མ་ཟད། “སོག་བོད་ཀྱི་ཁྱིམ་ཚང”ཡང་བཙུཌ།

    ཧོ་ཁྲེང་ཤིས་ཀྱི་བུ་མོ་རྒན་པ་ཧོ་ཤིའུ་དབྱིང་1958ལོར་སྐྱེས། ཁོང་ནི་ཕ་མ་གཉིས་པོས་ས་རྒོལ་སློག་སར་སྐྱེས་ནས་འཚར་ལོངས་བྱུང་བ་བརྒྱད་གཅིག་ཞིང་ར་ཐོག་མར་འཛུགས་སྐབས་ཀྱི་དཀའ་ཚེགས་ཆེ་བའི་འཚོ་བ་དངོས་སུ་བརྒྱུད་མྱོང་ཞིང་། ལུས་ལ་ལྷན་པ་མང་པོ་བརྒྱབ་པའི་གོས་གྱོན་པ་དང་རྩམ་པ་དང་རི་སྐྱེས་སྔོ་ཚལ་ཟས་སུ་བསྟེན་པ་ནི་ཁོང་གི་བྱིས་དུས་ཀྱི་བག་ཆགས་ཟབ་ཤོས་རེད། འོན་ཀྱང་གྲོང་པ་ཁྱིམ་མཚེས་དབར་གྱི་གསར་བརྗེའི་བརྩེ་བ་ཟབ་མོ་དང་ཕན་ཚུན་རོགས་རེས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཁོང་ཚུད་པའི་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་ཚོས་དཀའ་ཚེགས་ཀྱི་ལོ་ཟླ་དེ་དག་བསྐྱལ་ཡོད།

    1974ལོར་ལས་ཀར་ཞུགས་པ་ནས་2001ལོར་རྒན་ཡོལ་ཞུས་པའི་བར་ཧོ་ཤིའུ་དབྱིང་གིས་བརྒྱད་གཅིག་ཞིང་ར་དང་ཁ་གཏན་ནས་བྲལ་མྱོང་མེད་ལ། བརྒྱད་གཅིག་ཞིང་ར་དང་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་བདེན་དཔང་བྱས་ཡོད། ཁོང་གིས་མི་ཚེ་ཧྲིལ་པོ་དེ་གར་ལེགས་སྐྱེས་སུ་ཕུལ་ནས་ཁོང་གི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་དང་མི་སྒེར་གྱི་དྲན་ཤེས་ཚང་མ་འདུས་པའི་ས་ཆ་འདི་ཁེ་གྲགས་སྤུ་ཙམ་ཡང་མེད་པར་སྲུང་སྐྱོང་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།