དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དོན་དག་གཅིག་ནས་འཇོན་ཐང་ངོ་མ་མངོན་པར་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཁྲང་ཅིན།   |     སྤེལ་དུས།  2025-07-18

    འཇུག་སྒོ་ཆུང་ངུར་བརྟེན་ནས་སྒྱུར་བཅོས་ཆེན་པོར་སྐུལ་འདེད་བཏང་སྟེ། “ལས་ཆོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི”སྲིད་དོན་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་དགོས། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསམ་འཆར་བཀྲམ་ནས“ཁྱབ་ཁོངས་དེ་བས་མང་བ་དང་ཁྱབ་རྒྱ་དེ་བས་ཆེ་བའི་སྡེ་ཚན་གྱི་མཐུན་སྦྱོར་དང་ཞབས་ཞུ་འདུས་གྲུབ་ལ་ཤུགས་སྣོན་རྒྱག་དགོས”ཞེས་བཏོན་ཡོད།

    མི་དམངས་ལ་བྱ་བ་སྒྲུབ་པ་དེ་གཙོ་བོ་ལས་ཆོད་ཆེ་བར་ཐུག་ཡོད། “བསམ་ཇུས་གཅིག”གི་འདུ་ཤེས་ནི་འགག་རྩ་རེད། ཀྲེ་ཅང་གིས་གྲངས་འཛིན་མཉམ་སྤྱོད་ཀྱི་བཀག་རྒྱ་གཏོར་ནས“ཀྲེ་ཅང་གི་སྦར་མཐིལ་གཞུང་དོན་ཁང”APPཡི་ནང་ཞབས་ཞུ་སྟོང་ཕྲག་ཁ་ཤས་འདུས་པ་དང་། ཧའེ་ནན་གྱིས་སློབ་གསོ་སོགས་སྡེ་ཚན་མང་པོའི་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་བཏང་སྟེ་སློབ་ཞུགས་རེ་ཞུ་བྱེད་པར“དཔྱད་གཞི་ཆ་ཚང་གཅིག”བསྐུར་ན་འགྲིག་གི་ཡོད། སྡེ་ཚན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཡོངས་ཀྱི་འདུ་ཤེས་ལ་བརྟེན་ནས་ལས་སྒོ་བསྐྱར་སྒྲིག་དང་གྲངས་གཞི་མཉམ་མཐུད་ལ་སྐུལ་འདེད་བཏང་ནས་སྐུལ་ཁྲིད་བྱེད་པ་ནི་སྲིད་དོན་ཞབས་ཞུའི་ཕན་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་དེ་རེད།

    “དོན་དག་གཅིག”འགྲུབ་པར“དོན་དག་རིགས་གཅིག་པ”དེ་བས་ལེགས་པར་སྒྲུབ་དགོས། ཁེ་ལས་ལ་ཕན་པའི་སྲིད་ཇུས་དེ་ཕྱོགས་ཁག་དང་འབྲེལ་བ་ཡོད་པས། རང་འགུལ་ངང་གཏོང་སྐྱེལ་དང་གནད་སྨིན་ངང་འབྱོར་བ་ཇི་ལྟར་བྱེད་དགོས་སམ། གསར་དུ་ལས་ཞུགས་ཐུབ་པའི་ཚོགས་སྤྱིས་ཁེ་དབང་འགན་སྲུང་སོགས་ཀྱི་ཐད་རེ་འདུན་གཅིག་སྡུད་བྱས་པས་ཐུན་མོང་གི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་སམ། “དོན་དག་རིགས་གཅིག་པར”དམིགས་ཏེ་ཞབས་ཞུའི་འདུས་གྲུབ་ལ་ཤུགས་སྣོན་བརྒྱབ་ནས་རེ་འདུན་གཅིག་ཐག་གཅོད་བྱེད་པ་ནས་གནད་དོན་རིགས་གཅིག་ཐག་གཅོད་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་མ་ལག་གི་བསམ་གཞིགས་མཐའ་འཁྱོངས་དང་འཁོར་ཡུན་ཧྲིལ་པོ་དང་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་མངོན་འགྱུར་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་རེད།

    ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་མཁོ་དགོས་དམངས་དང་ཁེ་ལས་ལ་མང་ཙམ་དྲིས་ཏེ། དོན་དངོས་དང་ཟུང་འབྲེལ་གྱིས་ལས་སྒོའི་བརྒྱུད་རིམ་ལེགས་སུ་བཏང་ན། མང་ཚོགས་དང་ཁེ་ལས་ཀྱི་དོན་དག་སྒྲུབ་པའི་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་འགྲོ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།