དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་བྱ་སྤྱོད་བཀོད་སྒྲིག་བྱས་ནས་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-18

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཞུགས་སྐུལ་འདེད་དང་ངལ་རྩོལ་འགན་སྲུང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས《གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་རེད།

    བསམ་འཆར་ནང་བཏོན་དོན། 2025ལོ་ནས་2027ལོའི་ལོ་མཇུག་བར། བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་སུ་ཁ་ཐང་བའི་རྩལ་ནུས་ཤེས་ལྡན་པ་མཁོ་སྤྲོད་བྱེད་མང་དུ་གཏོང་བར་དམིགས་ནས“རྩལ་ནུས་ཀྱིས་མདུན་ལམ་གསལ་སྟོན་བྱེད་པའི”གསོ་སྦྱོང་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་ལས་རིགས་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་རྒྱ་ཁྱབ་ངང་སྤེལ་བའི་ཁྲོད་མཐོ་མཁས་རྩེ་གསུམ་གྱི་ཐོན་ལས་དང་འཕྲལ་མཁོ་ཆེ་བའི་ལས་རིགས་དང་ལས་ཞུགས་ཀྱི་གཙོ་གནད་ཚོགས་སྤྱི་སོགས་ལ་དམིགས་ཏེ་མི་ཐེངས་ཁྲི་3000ཡན་ལ་ཁ་གསབ་རང་བཞིན་གྱི་གསོ་སྦྱོང་བྱས་ནས། ངལ་རྩོལ་པའི་རྩལ་ནུས་ལས་ཞུགས་དང་། རྩལ་ནུས་འབབ་འཕར། རྩལ་ནུས་ལས་བརྩོན་བཅས་ལ་སྐུལ་འདེད་གཏོང་དགོས།

    བསམ་འཆར་ནང་ཁ་གསལ་བསྟན་དོན། སྔོན་ཐོན་བཟོ་སྐྲུན་དང་། གྲངས་འཛིན་དཔལ་འབྱོར། དམའ་དབྱིངས་དཔལ་འབྱོར། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ལས་དང་གྲོང་གསེབ། འཚོ་བའི་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། ལས་རིགས་དབྱེ་བའི་ཁྱབ་ཁོངས་ཀྱི་ལས་རིགས་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་ཤུགས་ཆེན་བྱེད་དགོས། ཁེ་ལས་ཀྱི་ལས་བཟོ་དང་། མཐོ་སློབ་སློབ་ཐོན་སློབ་མ། ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས་ལས་རིགས་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།