དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི་ཀྲུང་གོའི་སློབ་མའི་རོགས་སྐྱོར་འཕེལ་རྒྱས་ཀྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པ།

    རིམ་རྩིས་བརྒྱབ་ན་རོགས་སྐྱོར་དངུལ་འབོར་སྒོར་དུང་ཕྱུར་3412.11ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-18

    སློབ་གསོ་པུའི་རྒྱལ་ཡོངས་སློབ་མའི་རོགས་སྐྱོར་དོ་དམ་ལྟེ་གནས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་2024ལོའི་ཀྲུང་གོའི་སློབ་མའི་རོགས་སྐྱོར་འཕེལ་རྒྱས་སྙན་ཞུ་ལས་མངོན་པར། 2024ལོར་རྒྱལ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། འབྲིང་རིམ་ལས་རིགས་སློབ་གསོ(མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་དོ་དམ་བྱེད་པའི་ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭ་ཚུད་ཡོད)མཐོ་འབྲིང་དཀྱུས་མའི་སློབ་གསོ། མཐོ་རིམ་དཀྱུས་མའི་སློབ་གསོ་བཅས་ཀྱི་སློབ་མ་མི་ཐེངས་ཁྲི་15077.11(འོས་འགན་སློབ་གསོའི་སློབ་ཡོན་ཙག་ཙིག་དང་སློབ་དེབ་ཀྱི་རིན་པ་མེད་པར་བཟོས་པ་ཚུད་མེད)རོགས་སྐྱོར་བྱས་པར་རིམ་རྩིས་བརྒྱབ་ན་རོགས་སྐྱོར་དངུལ་འབོར་སྒོར་དུང་ཕྱུར་3412.11ཟིན་ཡོད་པ་རེད། དེའི་ནང་སློབ་ཞུགས་གོང་གི་སློབ་གསོའི་ཕྲུ་གུ་མི་ཐེངས་ཁྲི་625.40ལ་རོགས་སྐྱོར་བྱས་པར་རོགས་སྐྱོར་དངུལ་འབོར་སྒོར་དུང་ཕྱུར་86.70དང་། འོས་འགན་སློབ་གསོའི་སློབ་མ་མི་ཐེངས་ཁྲི་6781.00ལ་རོགས་སྐྱོར་བྱས་པར་རོགས་སྐྱོར་དངུལ་འབོར་སྒོར་དུང་ཕྱུར་585.65 འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མ་མི་ཐེངས་ཁྲི་1879.54ལ་རོགས་སྐྱོར་བྱས་པར་རོགས་སྐྱོར་དངུལ་འབོར་སྒོར་དུང་ཕྱུར་391.24 མཐོ་འབྲིང་དཀྱུས་མའི་སློབ་གསོའི་སློབ་མ་མི་ཐེངས་ཁྲི་1295.56ལ་རོགས་སྐྱོར་བྱས་པར་རོགས་སྐྱོར་དངུལ་འབོར་སྒོར་དུང་ཕྱུར་172.11 མཐོ་རིམ་དཀྱུས་མའི་སློབ་གསོའི་སློབ་མ་མི་ཐེངས་ཁྲི་4495.61ལ་རོགས་སྐྱོར་བྱས་པར་རོགས་སྐྱོར་དངུལ་འབོར་སྒོར་དུང་ཕྱུར་2176.42བཅས་ཟིན་ཡོད་པ་རེད།

    སྙན་ཞུ་ལས་མངོན་པར། 2024ལོའི་སློབ་མའི་རོགས་སྐྱོར་མ་དངུལ་ཁྲོད་རིམ་ཁག་ནོར་སྲིད་ཀྱིས་ཁྱོན་བསྡོམས་སྒོར་དུང་ཕྱུར་2215.71བཏང་བ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་54.99འཕར་ནས་འཕར་ཚད་2.54%ཟིན་ཡོད། 2024ལོར་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་སྒོར་དུང་ཕྱུར་955.18བཏང་བ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་255.49འཕར་ནས་འཕར་ཚད་36.51%ཟིན་པ་དེས་རོགས་སྐྱོར་དངུལ་འབོར་གྱི་27.99%ཟིན་ཡོད། 2024ལོར་རྒྱལ་ཡོངས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ལས་སློབ་མ་ཁྲི་3137.04ལ་ཕན་པ་ཐོབ་པ་དང་། རྒྱལ་ཡོངས་ཀྱི་རིམ་ཁག་ནོར་སྲིད་ཀྱིས་འཚོ་བཅུད་བཟའ་བཅའི་ཁ་གསབ་དངུལ་འབོར་སྒོར་དུང་ཕྱུར་317.23བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།