དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི“མི་ཐབས་རིག་ནུས་ཀྱིས་མིའི་རིགས་ལ་ཕན་བདེ་སྐྲུན་པའི་གོ་ལ་ཧྲིལ་པོའི་དབུ་ཚོཌ”ཀྱིས་ལྟ་འདོམས་བཅོས་སྐྱོང་དང་ཚད་གཞི་འཛུགས་སྐྱོང་ལ་དམིགས་ཏེ།

    བསྟུན་མཁས་དང་། ཡིད་རྟོན་རུང་བ། གསར་གཏོད་བཅས་ཀྱི་མི་ཐབས་རིག་ནུས་བཅོས་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཞུས་ཞིན། ལིའུ་ཀྲུང་ཧྭ།   |     སྤེལ་དུས།  2025-07-18

    འདི་ནི་ཀྲུང་གོའི་འགྲེམས་ཁུལ་དུ་ལྟ་སྐོར་བས་ཡུས་ཧྲུའུ་འཕྲུལ་མི་དང་སྤེལ་རེས་བྱེད་བཞིན་པ།

    འདི་ནི་ལྟ་སྐོར་བས་ཀྲུང་གོའི་ཁེ་ལས་ཀྱིས་ཞིབ་བཟོ་བྱས་པའི་འཕྲུལ་མི་དང་མིག་མངས་རྒྱག་བཞིན་པ།

    ཉིན་ཤས་གོང་། 2025ལོའི“མི་ཐབས་རིག་ནུས་ཀྱིས་མིའི་རིགས་ལ་ཕན་བདེ་སྐྲུན་པའི་གོ་ལ་ཧྲིལ་པོའི་དབུ་ཚོགས”སུའེ་ཙེར་གྱི་རི་ནེ་ཝར་གྲོལ་བ་རེད། ད་ཐེངས་ཀྱི་དབུ་ཚོགས་ནི་རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་ཟླའི་སྒྲིག་གཞི་བཅུ་ཕྲག་ཁ་ཤས་མཉམ་ལས་བྱས་ནས་གཉེར་བ་ཞིག་ཡིན་ཞིང་། སྨན་བཅོས་དང་། སློབ་གསོ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་བཀོལ་སྤྱོད་དང་། དེ་བཞིན་མི་ཐབས་རིག་ནུས་ལ་ལྟ་འདོམས་དང་བཅོས་སྐྱོང་། ཚད་གཞི་འཛུགས་སྐྱོང་སོགས་ལ་དམིགས་ཡོད། དབུ་ཚོགས་རིང་ཀྲུང་གོ་ཕྱོགས་ཀྱི་འཐུས་མིས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་ལྟ་འདོམས་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་གསལ་བོར་གླེང་བ་དང་ཁྱབ་ཁོངས་དེའི་ཁྲོད་ཀྱི་ཀྲུང་གོའི་གྲུབ་འབྲས་གསར་ཤོས་ངོ་སྤྲོད་བྱས་པར་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད།

    བསྟུན་མཁས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གྲངས་འཛིན་གྱི་ཧེ་བག་ཆུང་དུ་གཏོང་བ།

    ཉེ་བའི་ལོ་ཤས་རིང་། མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་མྱུར་པོ་སོང་ཞིང་། སྔོན་དཔག་བྱས་པར་གཞིཌ་ན། 2033ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཁྲོམ་རའི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་ཁྲི་4.8ཟིན་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་དབུ་ཚོགས་ནི་2017ལོར་གཉེར་འགོ་ཚུགས་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཡིན་ཞིང་། ཁྱོན་མི་ཁྲི་1.5ཡིས་ཐོ་འགོད་བྱས་པ་དང་ཁེ་ལས་150འགྲེམས་ཚོགས་ནང་ཞུགས་པའི་ཁྲོད་འཕྲུལ་མིའི་ཁེ་ལས་100ཡོད་པ་རེད།

    དབུ་ཚོགས་ཀྱིས《2025ལོའི“མི་ཐབས་རིག་ནུས་བཅོས་སྐྱོང་གི་གོ་ལ་ཧྲིལ་པོའི་གླེང་མོལ”གྱི་མཉམ་འབྲེལ་ཀྲུའུ་ཞིའི་གསལ་བསྒྲགས་ཏེ། བསྟུན་མཁས་དང་། ཡིད་རྟོན་རུང་བ། གསར་གཏོད་བཅས་ཀྱི་མི་ཐབས་རིག་ནུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས》ཞེས་པ་ཁྱབ་བསྒྲགས་བྱས་པ་རེད། གསལ་བསྒྲགས་ནང་མི་ཐབས་རིག་ནུས་བཅོས་སྐྱོང་གི་རེ་འདོད་ཆེན་པོ་བཅུ་བཏོན་པའི་ནང་། རྩ་དོན་ནས་ལག་ལེན་ཕྱོགས་སུ་སྐྱོད་པའི་དངོས་སྒྲུབ་བཅོས་སྐྱོང་དང་། སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་བསྟུན་མཁས་མཉམ་ལས་དང་། རྒྱུན་མཐུད་ཆོག་པའི་རང་བཞིན། བདེ་འཇགས་ཀྱི་ཚད་གཞི། རྩིས་ནུས་བཅོས་སྐྱོང་། སྲིད་ཇུས་ཀྱི་སྟབས་བསྟུན་རང་བཞིན་སོགས་ཚུད་ཡོད།

    ལག་ལེན་གྱི་གྲུབ་འབྲས་སྤེལ་རེས་བྱས་ནས་གསར་གཏོད་བེད་སྤྱོད་མགྱོགས་སུ་གཏོང་བ།

    དབུ་ཚོགས་རིང་ཁྱབ་བསྒྲགས་བྱས་པའི་2025ལོའི་གསར་གཏོད་ལ་སྐུལ་གཏོང་གི་ཤུགས་རྐྱེན་ཐེབས་ནུས་ཀྱི་དཔེ་མཚོན་སྙན་ཞུའི་ནང་ཞིབ་ཕྲའི་དཔེ་མཚོན་ནས་འགོ་བརྩམས་ཏེ། རྒྱལ་ཁབ་མི་འདྲ་བས་མི་ཐབས་རིག་ནུས་སྤྱད་དེ་ལས་རིགས་སྟོང་ཕྲག་མང་པོར་མཐུན་རྐྱེན་སྦྱོར་བའི་ལག་ལེན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཡོད། སྙན་ཞུ་དེའི་ནང་རྒྱལ་ཁབ་28ཀྱི་དཔེ་མཚོན་160བསྡུས་པ་དེ་དག་སྨན་བཅོས་བདེ་ཐང་དང་། གནམ་གཤིས་དང་རང་བྱུང་གནོད་འཚེ། བཟོ་སྐྲུན་ལས་རིགས། དངུལ་རྩ། སློབ་གསོ། བློ་རིག་ཞིང་ལས་སོགས་འགག་རྩའི་ཁྱབ་ཁོངས་11ལ་ཁྱབ་ཡོད། དེའི་ནང་རྒྱལ་ཁབ་17གྱི་དཔེ་མཚོན་51ལ་བྱ་དགའ་ཐོབ་པ་རེད།

    ཀྲུང་གོ་ནུབ་བྱང་བཟོ་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཞེ་སུང་ཡུན་ཚོགས་པས་ཀླད་པའི་ཚོད་འཛིན་འཕྲུལ་མི་དང་མི་མེད་རླངས་འཁོར་དང་། ཀླད་འཕྲུལ་རིག་ནུས་མཐུན་སྦྱོར་མི་མེད་གནམ་གྲུའི་ཚོགས། ཀླད་འཕྲུལ་མཉམ་འདྲེས་ཐབས་ཇུས་སོགས་ཐད་ཀྱི་གྲུབ་འབྲས་གསར་ཤོས་ངོ་སྤྲོད་བྱས་པ་རེད། ཞེ་སུང་ཡུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཀླད་འཕྲུལ་ནང་འཇུག་གཤགས་བཅོས་དེ་ཀྲུང་གོའི་སྨན་བཅོས་རམ་འདེགས་ཐད་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དཔེར་ན། བརྒྱལ་གཟེར་སྨན་བཅོས་དང་དབང་རྩའི་རྨས་སྐྱོན་གྱི་ལུས་གསོ་རམ་འདེགས་སོགས་རེད། ཀླད་འཕྲུལ་ནང་དུ་འཇུག་མི་དགོས་པའི་གཤགས་བཅོས་ལག་རྩལ་གྱིས་འགུལ་སྐྱོད་མང་བའི་ནད་དང་སྨྱོ་ནད་སོགས་ཐད་ཀྱི་རམ་འདེགས་སྨན་བཅོས་ཐད་ཕན་ནུས་ངེས་ཅན་ཐོན་ཡོད།

    ཀྲུང་གོའི་ཉམས་མྱོང་མཉམ་སྤྱོད་བྱས་ནས་ལག་རྩལ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ།

    དབུ་ཚོགས་རིང་ཀྲུང་གོ་བཟོ་འཕྲིན་པུའི་འཐུས་མིས་ཀྲུང་གོས་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་རྒྱུ་གོ་སྐབས་སུ་བྱས་ཏེ“རིག་ནུས་ཐོན་ལས་ཅན”དང“ཐོན་ལས་རིག་ནུས་ཅན”ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་སྲིད་ཇུས་ལག་ལེན་མཉམ་སྤྱོད་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ》མཛུབ་ཁྲིད་དུ་བྱས་ཏེ། ནུས་ཆེའི་མཐུན་སྦྱོར་དང་། བསྟུན་མཁས་དང་ཕན་ཚུན་ཡིད་ཆེས། སྒོ་དབྱེ་མཉམ་ལས། ཀུན་ཕན་འཕེལ་རྒྱས་བཅས་ཀྱི་གསར་གཏོད་སྐྱེ་ཁམས་ཧུར་ཐག་འཛུགས་རྒྱུའི་གྲོས་འགོ་བཏོན་པར་ཚོགས་ཞུགས་པ་མང་པོའི་ཚད་མཐོའི་ཁས་ལེན་ཐོབ་ཡོད།

    “ཀྲུང་གོའི་མི་ཐབས་རིག་ནུས་ལག་རྩལ་རིམ་འཇུག་གསར་སྒྱུར་བྱེད་ཚད་མྱུར་བ་མ་ཟད། ཀྲུང་གོའི་དམངས་ཚོགས་ཀྱི་རྒྱུན་གཏན་འཚོ་བར་ཁྱབ་ཡོད། མི་ཐབས་རིག་ནུས་ལེགས་པའི་ཕྱོགས་སུ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོ་ནི་ཧུར་བརྩོན་ཆེ་བའི་རྒྱབ་སྐྱོར་པ་དང་སྣེ་ཁྲིད་པ་ཞིག་ཡིན་པ་མ་ཟད། དྲང་གཞག་དྲང་བདེན་ལ་མཐོང་ཆེན་བྱས་ནས་རྒྱལ་ཁབ་དང་ས་ཁུལ་གཞན་དག་དབར་མཉམ་ལས་བྱས་ཏེ་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱི་འཐུས་མིས་དབུ་ཚོགས་ཐོག་ཉམས་མྱོང་དང་དཔེ་མཚོན་ནུས་ལྡན་མང་པོ་ཁྱེར་ཡོང་འདུག འབྱུང་འགྱུར་འཕེལ་རྒྱས་ཀྱི་ཉམས་མྱོང་དེ་བས་མང་བ་འཛམ་གླིང་ལ་མཉམ་སྤྱོད་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ཚོགས་ཞུཌ་མི་སྣ་ཝོར་ནཱ་ཡིས་གསར་འགོད་པར་བརྗོད།

    (འདི་ག་ཚགས་པར་ཁང་དུ་རི་ནེ་ཝ་ནས་ཟླ་7ཚེས་15ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།