དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཏ་པན་འཛམ་གླིང་དངོས་རིགས་འགྲེམས་ཚོགས་ཀྱི་ཀྲུང་གོའི་རྒྱལ་ཁབ་འགྲེམས་ཁང་ཉིན་མོའི་བྱེད་སྒོ་བདེ་བླག་ངང་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-18

    འདི་ནི་རི་པིན་ཏ་པན་འཛམ་གླིང་དངོས་རིགས་འགྲེམས་ཚོགས་ཀྲུང་གོའི་རྒྱལ་ཁབ་འགྲེམས་ཁང་གི་ཕྱི་རོལ་དུ་ཡུལ་སྐོར་བས་བང་བསྒྲིགས་ནས་ལྟ་སྐོར་བྱེད་པར་སྒུག་བཞིན་པ།

    2025ལོའི་རི་པིན་ཏ་པན་གྱི་འཛམ་གླིང་དངོས་རིགས་འགྲེམས་ཚོགས་ཀྱི་ཀྲུང་གོའི་རྒྱལ་ཁབ་འགྲེམས་ཁང་ཉིན་མོའི་བྱེད་སྒོ་ཚེས་11ཉིན་ཏ་པན་འཛམ་གླིང་དངོས་རིགས་འགྲེམས་ཚོགས་ཁུལ་དུ་གཉེར་ཡོད། ཀྲུང་གོ་དང་རི་པིན་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་ལས་རིགས་དང་། ཚོང་དོན་ལས་རིགས། མཛའ་གྲོགས་ཚོགས་པ། སྨྱན་སྦྱོར་དང་རྒྱལ་ཁབ་འགྲེམས་ཁང་བཅས་ཀྱི་འཐུས་མི་སོགས་མི་400ལྷག་ཙམ་བྱེད་སྒོར་ཞུགས་ཡོད།

    བྱེད་སྒོ་སྤེལ་རིང་། “ཡིད་དབང་འཕྲོག་པའི་ཀྲུང་གོ·འབྱུང་འགྱུར་མཉམ་དུ་གཏོད་པ”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་ཆེ་གྲས་བྱས་ཤིང་། ཧྲའན་ཤིས་ཞིང་ཆེན་གྱི་འཁྲབ་སྟོན་ཚོགས་པས་མི་རིགས་ཀྱི་གླུ་གར་དང་། རོལ་ཆ། ཟློས་གར། དྲག་རྩལ། རྩལ་རྩེད་སྣ་ཚོགས། ཁྲོམ་སྤྲོ་སོགས་འཁྲབ་སྟོན་བྱེད་པར་བརྟེན་ནས་ཏ་པན་གྱི་འཛམ་གླིང་དངོས་རིགས་འགྲེམས་ཚོགས་ཀྱི་གར་སྟེགས་ཐོག་ལོ་རྒྱུས་ཡུན་རིང་ལྡན་པ་དང་ནང་དོན་ཟབ་པའི་ཀྲུང་ཧྭའི་རིག་གནས་ཀྱི་སྟོན་མོ་ཞིག་བཤམས་པས། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་སྟོབས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞོན་ནུའི་གསོན་ཤུགས་མངོན་ཡོད། ཚོགས་ཞུགས་སྐུ་མགྲོན་ཚོས་ད་དུང་ཀྲུང་གོའི་འགྲེམས་ཁང་ལ་ལྟ་སྐོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།