དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་ཐེ་འབྲེལ་བའི་ལོ་ལྔ་བཅུའི”བགྲོ་གླེང་ཚོགས་འདུ་པང་ཁོག་ཏུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-18

    ཀྲུང་ཐེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་ཆེད། ཐེ་ལན་རྒྱལ་ཁབ་འཕེལ་རྒྱས་དོ་དམ་སློབ་གླིང་དང་ཐེ་ལན་ཀྲུའུ་ལཱ་ལུང་ཀུང་སློབ་ཆེན་གྱིས་ཟླ་7ཚེས་8ཉིན“ཀྲུང་ཐེ་འབྲེལ་བའི་ལོ་ལྔ་བཅུའི”བགྲོ་གླེང་ཚོགས་འདུ་དང《ཀྲུང་ཐེ་འབྲེལ་བའི་ལོ་ལྔ་བཅུའི》དེབ་གསར་ཁྱབ་བསྒྲགས་མཛད་སྒོ་མཉམ་དུ་གཉེར་ཞིང་། ཀྲུང་ཐེ་རྒྱལ་ཁབ་གཉིས་ཀྱི་རིག་གཞུང་ལས་རིགས་དང་། སྲིད་ཕྱོགས། ཚོང་དོན་ལས་རིགས་བཅས་དང་དེ་བཞིན་སྨྱན་སྦྱོར་ལས་རིགས་ཀྱི་འཐུས་མིས་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རིམ་ལ་མཉམ་དུ་ཕྱིར་ལྟ་བྱས་པ་དང་སྦྲགས། འབྱུང་འགྱུར་མཉམ་ལས་ཀྱི་མདུན་ལམ་ཐད་གྲོས་བསྡུར་ཡང་བྱས་པ་རེད།

    《ཀྲུང་ཐེ་འབྲེལ་བའི་ལོ་ལྔ་བཅུའི》རྩོམ་སྒྲིག་པ་གཙོ་བོ་ཧྥུའུ་ཙེང་ཡིའུ་ཡིས། དེབ་འདི་ནི་ཀྲུང་ཐེ་རྒྱལ་ཁབ་གཉིས་ཀྱི་མཁས་དབང་ཚོས་ཤུགས་སྒྲིལ་མཉམ་ལས་བྱས་པའི་འབྲས་བུ་ཡིན། འདིའི་ནང་དུ་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་ཚོང་དོན་ཐད་ཕན་ཚུན་འགྲོ་འོང་། མི་ཆོས་རིག་གནས་ཐད་ཕན་ཚུན་སྤེལ་རེས་བཅས་བྱས་པའི་བརྒྱུད་རིམ་གསལ་པོར་འཁོད་ཡོད་པས། འདི་ནི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་པར་དྲན་གསོ་ཞུ་བའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། ད་དུང་ཕྱོགས་གཉིས་པོའི་རིག་གཞུང་ཐད་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ནས་འཐབ་ཇུས་ཀྱི་ངོས་འཛིན་ཟབ་ཏུ་གཏོང་བའི་ཞིབ་འཇུག་གི་གྲུབ་འབྲས་ཤིག་ཀྱང་ཡིན་ཞེས་བརྗོད་པ་རེད།

    ཐེ་ལན་གྱི་ཙུང་ལི་ཟུར་པ་ཨ་ཕི་ཧྲི་ཡིས་བགྲོ་གླེང་ཚོགས་འདུའི་གཙོ་དོན་གཏམ་བཤད་གནང་སྐབས་བརྗོད་དོན། ཐེ་ཀྲུང་འབྲེལ་བ་སྤྱིར་བཏང་མིན་པའི་ལོ་50བརྒྱུད་དེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྨང་གཞི་བརྟན་པོ་དང་དམངས་འདོད་རྒྱབ་སྐྱོར་རྒྱ་ཁྱབ་བྱུང་ཡོད་པས། ཕྱོགས་གཉིས་པོས་མཉམ་ལས་གྲུབ་འབྲས་ལ་གཅེས་སྤྲས་དང་གོ་སྐབས་གསར་པར་དམ་འཛིན་བྱས་ནས་ལྗང་མདོག་འཕེལ་རྒྱས་དང་། སློབ་གསོ། ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།