དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འདི་ལོའི་ལོ་སྟོད་དུ་ཀོང་ཤིས་ནས་རྡོག་ཐོན་བྱས་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་དུས་གཏན་མེ་འཁོར་གྱིས་ཟོག་འདྲེན་བྱེད་ཚད་དུས་མཚུངས་ལས་283%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-18

    གསར་འགོད་པས་རྒྱལ་ཁབ་ལྕགས་ལམ་ནན་ཉིང་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་1པོ་ནས་ཟླ་6པའི་བར་ཀོང་ཤིས་ནས་རྡོག་ཐོན་བྱས་པའི་ཀྲུང་ཝེའི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བརྒྱབ་ན་ཚད་ལྡན་དོས་སྒམ་18870ཕྱིར་གཏོང་བྱས་ནས་དུས་མཚུངས་ལས་283%འཕར་བ་རེད།

    རྒྱལ་ཁབ་ལྕགས་ལམ་ནན་ཉིང་ཅུས་ནན་ཉིང་ལྕགས་ལམ་ཟོག་འདྲེན་ལྟེ་གནས་ཀྱི་ལས་དོན་པས། ད་ལོ་ནས་བཟུང་ཀོང་ཤིས་ནས་རྡོག་ཐོན་བྱས་པའི་ཀྲུང་ཝེའི་དུས་གཏན་མེ་འཁོར་གྱིས་རླངས་འཁོར་གྱི་ལྷུ་ལག་གི་ཚད་ལྡན་དོས་སྒམ་2528དང་ཚི་སྣའི་པང་ལེབ་ཀྱི་ཚད་ལྡན་དོས་སྒམ་4580ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་100%དང་398%སོ་སོར་འཕར་ཡོད་པ་རེད།

    མིག་སྔའི་བར་ཀོང་ཤིས་ནས་རྡོག་ཐོན་བྱས་པའི་ཀྲུང་ཝེའི་དུས་གཏན་མེ་འཁོར་གྱིས་སྐྱེལ་འདྲེན་བྱས་པའི་ཚོང་ཟོག་སྣ་ཁ་380ལྷག་ཙམ་ཟིན་པ་དེ་དག་ཅང་སུའུ་དང་། ཀོང་ཏུང་། ཧོ་པེ་སོགས་ཞིང་ཆེན་25ནས་ཡིན་པ་དང་། ཝེ་ཐེ་ནམ་དང་། ལོ་སི། ཐེ་ལན་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་མང་པོར་ཕྱིར་གཏོང་བྱས་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།