དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཁྲུང་ཆིང་དང་། ཧྥུའུ་ཅན། ཐེན་ཅིན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས།

    བརྩེ་སེམས་ཟབ་མོས་ལས་ལ་འབད། “བོད་ཤར་མུ་ཏིག”བཀྲག་མདངས་འཚེར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-18

    ཆབ་མདོ་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་སྨན་ཁང་གི་ལས་དོན་པས་ཧྥུའུ་ཅན་ཞིང་ཆེན་གྱི་བྱིས་པའི་སྨན་ཁང་དུ་སློབ་སྦྱོང་སྤེལ་རེས་བྱེད་བཞིན་པ།

    ཁྲུང་ཆིང་གི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་རང་ལྗོངས་ཀྱི་5Gརྒྱང་བརྟེན་རྒྱལ་ཐོན་འཕྲུལ་མིར་བརྟེན་ནས་པུས་ཚིགས་བརྗེ་བའི་གཤགས་བཅོས་ཐོག་མ་དེ་བྱེད་བཞིན་པ།

    ཐེན་ཅིན་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་ཆབ་མདོ་གྲོང་ཁྱེར་ཨ་དབང་ལུག་གི་དེང་རབས་གསོ་ཚགས་རྟེན་གཞི་ཡིན་པ།

    ཐོན་ལས་འཕེལ་རྒྱས་ལེགས་ལ་གསར་བ།

    ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ས་མཐོའི་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་ཡིན།

    མཛོ་སྒང་རྫོང་དབང་དར་བཟའ་བཅའ་ལས་སྣོན་བཟོ་གྲྭར་སྐྱོད་སྐབས་སྟར་ཁའི་སྣུམ་གྱི་དྲི་ཞིམ་འཐུལ་འོངས། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་སྟར་ཁའི་སྣུམ་གྱི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་བར་བརྟེན་ཁེ་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་2000ལས་བརྒལ་ཏེ་རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཐོག་མར་གྱུར་པ་མ་ཟད། ཞིང་འབྲོག་མང་ཚོགས་90ལ་ཁྱིམ་གྱི་སྒོ་རྩ་ནས་ལས་ཀ་རག་པ་དང་ལོ་ལྟར་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་1000ཙམ་བཏོད་ཡོད།

    ཐེན་ཅིན་གྱིས“ཨ་དབང་ལུག”གི་སྤུས་རྟགས་ལ་བརྟེན་ནས“སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། གསོ་ཚགས་དུད་ཆེན། རྨང་གཞིའི་ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རིམ་བཞི་གསོ་ཚགས་མ་ལག་བཏོད་ནས། འབྲོག་པ་མང་ཚོགས་3000ལྷག་ཙམ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད།

    སྨར་ཁམས་ཐོན་ལས་གླིང་ཁུལ་དུ་ཁྲུང་ཆིང་གི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས“ཚོང་འགུགས་མ་འདྲེན་དང་། མ་འཇོག རྟེན་གཞི”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་གསར་གཏོད་བྱས་ཏེ། ཏ་ཐང་ཚོགས་པ་དང་ཤར་ཕྱོགས་གློག་རླངས་སོགས་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ཏེ་བོད་ཤར་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་ཡོད། 2023ལོར་གླིང་ཁུལ་གྱི་ཐོན་རྫས་རིན་ཐང་སྒོར་ཁྲི་5200ཟིན་ནས་དུས་མཚུངས་ལས་73.3%འཕར་ཡོད།

    “སྨར་ཁམས་ཐོན་ལས་གླིང་ཁུལ་འཕེལ་རྒྱས་ཚོགས་ཆུང་ཚོགས་པ་2022ལོའི་ཟླ་7པའི་ཟླ་དཀྱིལ་དུ་དངོས་སུ་བཙུགས་པ་དང་ཁྱོན་རིམ་པ་ཁག་གི་མ་དངུལ་སྒོར་ཁྲི་9803བརྩོན་ལེན་བྱས་ཡོད། སྤྱོད་འགོ་ཚུགས་རྗེས་ཚོང་འགུགས་རྣམ་གྲངས་སྒོར་དུང་ཕྱུར་2.14ཟིན་པའི་གན་རྒྱ་བཞག་པ་དང་མཐོ་གསར་ལག་རྩལ་ཁེ་ལས་1སྐྱེད་སྲིང་བྱས་ཡོད”ཅེས་སྨར་ཁམས་རྫོང་ཨུད་ཀྱི་རྒྱུན་ཨུ་དང་སྨར་ཁམས་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བས་བཤད་པ་དང་། ཁོང་གིས། 2022ལོའི་ཟླ་12པར་སྨར་ཁམས་ཐོན་ལས་གླིང་ལ་ལྗོངས་ཡོངས་ཀྱི་ས་མཐོའི་ཁྱད་ལྡན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་རིམ་ཏང་རྩ་འཛུགས་དཔེ་སྟོན་ས་ཚིགས་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་ཅེས་ངོ་སྤྲོད་བྱས།

    བོད་ཤར་རྒྱུད་ཀྱི་ཕུན་སུམ་ཚོགས་པའི་ཉི་འོད་ཐོན་ཁུངས“ལྗང་གློག”གི་སྒུལ་ཤུགས་སུ་འགྱུར་བཞིན་ཡོད། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས“1+3”གསར་སྤེལ་བྱེད་ཐབས་གསར་གཏོད་བྱས་ཏེ། ཧྥུའུ་ཅན་ཀྲུང་མེན་ནུས་རྒྱུ་དང་ཆབ་མདོའི་ནུས་རྒྱུ་མ་འཇོག་ཚོགས་པ་མཉམ་ལས་བྱས་ནས་ཆན་ཝ་ཁྲི་70ཟིན་པའི་འོད་ཤུགས་རྣམ་གྲངས་ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་30ཙམ་བཏང་ཡོད།

    དཔའ་ཤོད་རྫོང་དུ་ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ཚོང་འགུགས་བྱས་པའི་རྒྱལ་ནང་གི་ས་བབ་མཐོ་ཤོས་ཀྱི་ཆན་ཝ་ཁྲི་10ཡི་འགན་སྲུང་རང་བཞིན་གྱི་རླུང་གློག་རྣམ་གྲངས་བསྐྲུན་ནས་གློག་གཏོང་འགོ་ཚུགས་ཡོད།

    བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་གྱི་ཟ་ལས་སྒར་སར་སྐྱོད་སྐབས་སྔོ་ལྗང་རི་བོའི་ཁྲོད་ཁྱད་ལྡན་ཁང་ཆུང་ཕྲ་རྒྱན་བཏབ་པ་ལྟར་དུ་སྣང་། 2022ལོར་ཁྲུང་ཆིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་200བཏང་ནས་སྒྱུར་བཀོད་བྱས་རྗེས་འབྲི་གཡག་གི་བརྐོས་བརྙན་དང་བོད་བཟོའི་ཁང་ཆུང་གསར་དུ་བསྐྲུན་པས་ལས་གཉེར་ཡོང་འབབ་ལོ་ཤས་བསྟུད་མར་50%འཕར་ཡོད། “ད་ཆ་སྒར་སར་གླ་པར་བསྐྱོད་པས་ཟླ་རེར་གཏན་འཇགས་གླ་ཆ་སྒོར་གསུམ་སྟོང་ནས་བཞི་སྟོང་བར་ཡོད་ལ། ཁྱིམ་དང་ཡང་ཐག་ཉེ་བས་འཚོ་བའི་ཐད་སེམས་ཁྲལ་མིན་འདུག”ཅེས་ལས་མི་ལྷ་མོས་གདོང་ལས་འཛུམ་མདངས་འཕྱུར་བཞིན་བཤད།

    འདི་ལྟ་བུའི“རིག་གནས་ཡུལ་སྐོར་+”གྱི་དཔེ་སྟོན་ས་ཚིགས་ཆབ་མདོའི་ས་ཕྱོགས་གང་སར་ཡོད་པ་སྟེ། རི་བོ་ཆེའི་ཁམས་པའི་མེ་ཏོག་གླིང་4Aརིམ་པའི་མཛེས་ལྗོངས་ཁུལ་དུ་བདེ་བླག་ངང་ཚུད་པ་དང་། སྨར་ཁམས་ཡར་ཀ་5Aརིམ་པར་རེ་ཞུ་བྱེད་འགོ་ཚུགས་པ། ལ་འོག་གྲོང་ཚོའི་གཅེས་སེམས་ས་ཚིགས་རྒྱལ་ལམ་318ཀྱི་དྲ་གྲགས་གཱ་ཐོ་འགོད་སར་གྱུར་བ་སོགས། ཧྥུའུ་ཅན་དུ“གྲོང་ཁྱེར་དང་རྫོང་མཉམ་འགུལ་དང་རྫོང་སོ་སོར་ཁྱད་ཆོས་ལྡན་པའི”ཐོན་ལས་བོད་སྐྱོར་བྱེད་སྟངས་ཤིག་གྲུབ་སྟེ་མང་ཚོགས་ཚོར་ཁྱིམ་གྱི་སྒོ་འགྲམ་ནས“སྐྱེ་ཁམས་ཀྱི་ཡོང་འབབ”བྱུང་ཡོད།

    མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོའི་རྒྱུན་བསྐྱངས་པ།

    བོད་སྐྱོར་ནི་རྣམ་གྲངས་དང་མ་དངུལ་སྐྱེལ་བ་ཙམ་མ་ཟད། དེ་བས་སེམས་ཁམས་དང་རིག་གནས་མཉམ་འདྲེས་བྱེད་པ་ཞིག་ཡིན།

    སྒྱུ་རྩལ་ཁྱབ་ཁོངས་སུ། ཆབ་མདོར་གནའ་བོའི་ཐང་ཁ་དང་ཧྥུའུ་ཅན་གྱི་བཀྲག་རྩིའི་རི་མོ་མཉམ་འདྲེས་གསར་གཏོད་ཀྱི་བརྩམས་ཆོས་ཐོན་ཞིང་། ཧྥུའུ་ཅན་ཞིང་ཆེན་གྱིས“ཆབ་མདོ་གྲོང་ཁྱེར་གྱི་ཐང་ཁ་དང་བཀྲག་རྩིའི་རི་མོའི་སྒྱུ་རྩལ་མཐུན་ཚོགས”འཛུགས་རྒྱུར་སྐུལ་འདེད་བཏང་ནས། ས་གནས་གཉིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་ཕན་ཚུན་སློབ་སྦྱོང་བྱེད་པར་སྐུལ་འདེད་བཏང་སྟེ། 《ཧྥུའུ་ཅན་དང་བོད་ལྗོངས་ཀྱི་ཉམས་འགྱུར》སོགས་མཉམ་འདྲེས་བརྩམས་ཆོས་རྩེ་གྲ་ཐུན་མོང་ཐོག་གསར་རྩོམ་བྱས་ཡོད།

    རིག་གནས་ཀྱི་འགྲེམས་སྟོན་དང་ཁྱབ་སྤེལ་ལའང་ངོ་མཚར་གཅིག་མཚུངས་ལྡན་ཞིང་། ཁྲུང་ཆིང་གིས་ལེང་ཅང་ཁུལ་གསར་དུ་ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་སྤེལ་རེས་འགྲེམས་སྟོན་གཉེར་བ་དང་། ཧོ་ཁྲོན་ཆུས་སུ“གསར་བརྗེའི་ཕུགས་འདུན་དགུང་ལས་མཐོ”བའི་ནད་དོན་གསོན་ཉམས་དོད་པོས་མངོན་པའི་དམར་དམག་གི་སྦྱར་ཡིག་འགྲེམས་སྟོན་བྱས་ཡོད། ཐེན་ཅིན་གྲོང་ཁྱེར་གྱིས་བློ་ཐབས་མཁས་པོར་བརྟེན་ནས་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ“ཅིན་བོད་མཐུན་སྒྲིལ་རྟགས་ཅན”གྱི་ཆེད་གཏོང་མེ་འཁོར་དུ་འགྱུར་བ་དང་། བོད་ལུགས་གསོ་རིག་འགྲེམས་སྟོན་དང“བོད་ཀྱི་ཁྱད་ལྡན་མཆོག་ནོར”གྱི་རིག་དངོས་འགྲེམས་སྟོན་ལ་བརྟེན་ནས་ཐེན་ཅིན་གྱི་གྲོང་མིའི་རྒྱུན་གཏན་འཚོ་བའི་ཁྲོད་གངས་ལྗོངས་ས་མཐོའི་ཡིད་དབང་འཕྲོག་ཤུགས་ཐད་ཀར་མངོན་ཐུབ་པར་བྱས་ཡོད། གཞན་ཡང་ཐེན་ཅིན་གྱིས་ད་དུང་རི་གྲོང་ནས་ཕྱིར་སྐྱོད་མྱོང་མེད་པའི་ཆབ་མདོའི་ཞིང་འབྲོག་མང་ཚོགས་125ཐེན་ཅིན་དུ་ལྟ་སྐོར་བྱེད་པར་དམིགས་བསལ་གདན་འདྲེན་ཞུས་པས། དར་རྒྱས་ཆེ་བའི་གྲོང་ཁྱེར་དང་མུ་མཐའ་མེད་པའི་རྒྱ་མཚོ་མཐོང་སྐབས་ཁོང་ཚོས“མེས་རྒྱལ་འདི་འདྲའི་རྒྱ་ཆེ་ཞིང་མཛེས་སྡུག་ལྡན་པ་ལའང”ཞེས་བསྔགས་བརྗོད་བྱས།

    ཐེན་ཅིན་གྱི་གར་སྟེགས་ཐོག་ཆབ་མདོའི་སྒོར་གཞས་འཁྲབ་པ་དང་། ཁྲུང་ཆིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་གཞས《བྱ་འཕུར་གློད་པ》ཞེས་པ་བོད་ཤར་གྱི་རི་གྲོང་དུ་གྲགས་པ། ཆབ་མདོ་དང་ཧྥུའུ་ཅན་ས་གནས་གཉིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་འཁྲབ་སྟོན་པས་མཉམ་དུ་འཁྲབ་སྟོན་བྱས་པ་དང་སྦྲགས། ཕན་ཚུན་སྤེལ་རེས་ཁྲོད་རིག་གནས་ཀྱི་ས་བོན་བཏབ་པ་དང་རྩ་བ་ཚུགས་ནས་མྱུ་གུ་འབུས་ཏེ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མཉམ་འདྲེས་ཀྱི་བཀྲག་མདངས་འཚེར་བའི་མེ་ཏོག་བཞད།

    རྦ་རླབས་ལང་ལོང་དུ་འཕྱུར་བའི་རྫ་ཆུ། ལོ་གསུམ་རིང་གི་བོད་སྐྱོར་མཛའ་གྲོགས་ཟབ་མོ་གླུ་རུ་ལེན། བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ་སྔོན་ཆད་འབད་འཐབ་བྱེད་མྱོང་བའི་ས་ཆ་དེ་དང་གྱེས་གྲབས་ཡོད་པའི་སྐབས་སུ་གྲངས་གཞི་རེ་རེ་ལས་བྱ་སྤྱོད་དངོས་མཚོན་པ་སྟེ།

    རིམ་རྩིས་བརྒྱབ་ན། ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱིས་མ་དངུལ་སྒོར་དུང་ཕྱུར་22ལྷག་ཙམ་མཐུན་སྦྱོར་བྱས་པ་དང་རྣམ་གྲངས་800ལྷག་ཙམ་ལག་ལེན་བསྟར་བ།

    ཧྥུའུ་ཅན་གྱིས་སྨན་བཅོས་ཐད་གྲུམ་བུ་ཚིགས་ཆེན་ནད་ཀྱི་འགུལ་རྣམ་གཙང་སེལ་བྱས་པ་དང་། ཐེན་ཅིན་གྱིས་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང“ཀ་པ་རིམ་པ་གསུམ་པར”རིམ་སྤོར་བྱ་རྒྱུར་རོགས་རམ་བྱས་པ། ཁྲུང་ཆིང་གིས་ཆབ་མདོ་མཐོ་འབྲིང་དང་པོའི་སློབ་མ་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་ཚད་བརྒལ་རང་བཞིན་ངང་འཕར་བར་སྐུལ་འདེད་བཏང་བ།

    བོད་སྐྱོར་ཐོན་ལས་རྣམ་གྲངས་ཀྱིས་མི་ཐེངས་ཁྲི་ཕྲག་ཁ་ཤས་ལས་ཞུགས་ཐུབ་པར་ཐད་ཀར་སྐུལ་ཁྲིད་བྱས་པ་དང“ཚོགས་སྒྲིག་ཆུང་ངུའི”རྣམ་པའི་ཐོག་ནས་ས་གནས་དེ་གའི་ལག་རྩལ་རྐང་འཛིན་པ་ཆིག་སྟོང་ཙམ་གསོ་སྐྱོང་བྱས་པ་རེད།

    གངས་རིས་ཁོང་ཚོའི་བརྩེ་སེམས་ཟབ་མོ་དང་བྱས་རྗེས་ནམ་ཡང་བརྗེད་མི་སྲིད་པ་དང་། ཆུ་བོས་ཁོང་ཚོའི་འགན་སེམས་དང་རྔུལ་ཆུར་བདེན་དཔང་བྱེད་ཀྱི་ཡོད། ཁོང་ཚོས་ཀྱང་ཆབ་མདོ་འདི་ཉིད་ཕ་ཡུལ་གཉིས་པར་བརྩི་བ་དང་བརྩེ་བ་དེ་སྔ་ས་ནས་ལས་ཀའི་འགན་འཁྲི་ལས་བརྒལ་ཏེ་ཁྲག་རྒྱུན་འདྲེས་པའི་བརྩེ་སེམས་སུ་གྱུར་ཡོད། བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་མང་པོས་རྒྱུན་མཐུད་འབད་འཐབ་བྱས་པ་ལས་བོད་ཤར་གྱི་ས་གཞི་ཆེན་པོར་ཉིན་རེ་བཞིན་འགྱུར་ལྡོག་ཕྱིན་པ་མ་ཟད། གངས་ལྗོངས་ས་མཐོ་དང་མེས་རྒྱལ་གྱི་ས་གནས་ཁག་དབར“སེམས་སྦྲེལ་ཟམ་པ”མང་པོ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།