དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མེ་ཏོག་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཟའ་བཅའི་ཁུངས་འདེད་ཀྱི་བྱ་རིམ་ཆུང་ངུ་དྲ་ཐོག་ཏུ་དངོས་སུ་ཚོད་ལྟ་བྱེད་བཞིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-18

    ཉེ་ཆར་མེ་ཏོག་རྫོང་གི་བཟའ་བཅའི་ཁུངས་འདེད་ཀྱི་བྱ་རིམ་ཆུང་ངུ་དྲ་ཐོག་ཏུ་དངོས་སུ་ཚོད་ལྟ་བྱས་ཤིང་། མང་ཚོགས་ཀྱིས་ལག་ཐོགས་ཁ་པར་ནས་བཟའ་བཅའི་ཁུངས་འདེད་ཨང་རྟཌ་བཤེར་ཚེ། བཟའ་བཅའི་འབྱུང་ཁུངས་དང་། མགྱོགས་བཤེར་དང་འཐེན་བཤེར་གྱི་མཇུག་འབྲས། ཚོང་དུད་ཀྱི་ཆ་འཕྲིན། ཐོན་རྫས་ཀྱི་ཆ་འཕྲིན་སོགས་ཤེས་རྟོགས་གསལ་པོ་ཐུབ་ཀྱི་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་ཁུངས་འདེད་ལས་སྟེགས་སུ་ཚོང་པ་106ཐོ་བཀོད་ཡོད་ཅིང་། འཚོང་བཞིན་པའི་བཟའ་བཅའི་ཞིང་ལས་ཐོན་རྫས་རིགས་50ལྷག་ཙམ་དང་རྔན་པ་རིགས་30ལྷག་ཙམ་གྱི་ཁུངས་འདེད་ཐུབ་པས། འཛད་སྤྱོད་པ་བཟའ་བཅའི་འཁོར་རྒྱུག་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་འདོམས་ནང་ཐད་ཀར་ཞུགས་ཐུབ་ཀྱི་ཡོད། མང་ཚོགས་ཀྱིས་ཨང་རྟགས་བཤེར་ནས་ཁུངས་འདེད་པ་དང་དུས་མཚུངས། ལྟ་འདོམས་མཐའ་སྣེའི་ལས་སྟེགས་ཀྱིས་ཀྱང་དུས་ཐོག་ཏུ་དྲ་ཐོག་ནས་སྐོར་གཡེང་ཞིབ་བཤེར་བྱེད་ཐུབ་ཅིང་། དེའང་ཚོང་གཉེར་བྱེད་བཞིན་པའི་ཚོང་དུད་ཀྱི་ཟོག་འཐེན་ཟོག་ཚོང་གི་ཆ་འཕྲིན་ལ་དྲ་ཐོག་ཏུ་ལྟ་འདོམས་དང་། རིགས་ཁག་གི་ཐོན་རྫས་ཀྱི་ཉོ་ཚོང་གནས་ཚུལ་ཁུངས་འདེད། ཉེ་བའི་ཉིན་30རིང་གི་མགྱོགས་བཤེར་བྱས་འབྲས་ལ་དབྱེ་ཞིབ་དང་བསྡོམས་རྩིས་བཅས་བྱས་ནས་ཁྲོམ་ར་ཡོངས་ཀྱི་བཟའ་བཅའི་འཁོར་རྒྱུག་གནས་ཚུལ་ལ་སྐབས་བསྟུན་ཤེས་རྟོགས་དང་ཚད་གཞི་ལོན་མེད་པའི་ཐོན་རྫས་དུས་ཐོག་ཏུ་ཐག་གཅོད་བྱས་ནས་འཛད་སྤྱོད་པ་བློ་བདེ་པོ་ཡོང་བར་བྱེད་ཐུབ།

    རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཐེབས་པས་མེ་ཏོག་རྫོང་གི་མང་ཚོགས་ཀྱིས་ཉོས་པའི་ཤིང་འབྲས་དང་སྔོ་ཚལ་མང་ཆེ་བ་རྒྱལ་ཡོངས་ས་གནས་ཁག་ནས་དབོར་བ་ཤ་སྟག་ཡིན་པས། ཇི་ལྟར་བྱས་ནས་བཟའ་བཅའི་ཞིང་ལས་ཐོན་རྫས་དེ་དག་གི་ཁུངས་འདེད་རྒྱུ་དེ་དཀའ་གནད་ཅིག་ཏུ་གྱུར་ཡོད། འདི་ལོའི་ལོ་འགོར་མེ་ཏོག་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ཁྲོམ་རར་བརྟག་ཞིབ་གཏིང་ཟབ་བྱས་ཏེ། ཀོང་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ལག་རྩལ་གྱི་རྒྱབ་སྐྱོར་འོག སྲིད་གཞུང་ལ་མ་དངུལ་རེ་ཞུ་བྱས་ཐོག མེ་ཏོག་རྫོང་གི་བཟའ་བཅའི་ཁུངས་འདེད་ཀྱི་བྱ་རིམ་ཆུང་ངུ་གསར་སྤེལ་བྱས་ནས་ལྗོངས་ཡོངས་སུ་བཟའ་བཅའི་འཁོར་འབྲེལ་ཡོངས་ལ་ཁུངས་འདེད་བྱེད་རྒྱུ་སྔོན་ལ་ཚོད་ལྟ་ལག་བསྟར་བྱས་པ་དང་ཆབས་ཅིག ཚོད་ལྟ་བྱ་ཡུལ་གྱི་རྨང་གཞིའི་ཐོག་ཚོང་ར་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་དང་ཤང་དང་གྲོང་རྡལ་ཁག་ལ་ཁྱབ་སྤེལ་བཏང་ནས་བེད་སྤྱོད་བྱས་ཡོད།

    བཟའ་བཅའི་ཁུངས་འདེད་ཀྱི་བྱ་རིམ་ཆུང་ངུ་དྲ་ཐོག་ཏུ་ཁྱབ་སྤེལ་བཏང་བ་ནི་གསར་གཏོད་བྱས་པའི་ཚན་རིག་ལག་རྩལ་བེད་སྤྱོད་བྱས་པ་ཞིག་ཡིན་པ་མ་ཟད། བཟའ་བཅའི་མཁོ་སྤྲོད་འཁོར་འབྲེལ་ཁ་གསལ་པོ་ཡོང་ཚད་སྔར་བས་མཐོ་རུ་ནུས་ལྡན་ཕྱིན་ནས། གཉེར་སྐྱོང་བྱེད་པོ་ཁག་གིས་དཔང་ཡིག་དང་འཛིན་ཡིག་ལེན་པའི་ལམ་ལུགས་ཕྱིར་ལྡོག་རིགས་འདེད་བྱེད་པ་དང་གཉེར་སྐྱོང་ཐོན་སྐྱེད་ཚད་ལྡན་དུ་བཏང་སྟེ་བཟའ་བཅའི་བདེ་འཇགས་འགན་ལེན་ནུས་ལྡན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།