དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་བརྗོད་དོན་གཙོ་བོའི་གནས་ཚུལ་གཏོང་སྤེལ་གལ་ཆེན་གྱི་ཇུས་འགོད་ལེ་ཚན《སྐལ་བཟང་མེ་ཏོག་བཞད》2025ལོའི་ཀྲུང་གོའི་ཚགས་པར་ལས་རིགས་གསར་གཏོད་འཕེལ་རྒྱས་ཀྱི་དཔེ་མཚོན་འགྲེམས་སྟོན་ཐོག་བསྟན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-18

    ཟླ་7ཚེས་15ཉིན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡིས་གཙོ་གཉེར་དང་། ཀྲེ་ཅང་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་དང་། ཀྲེ་ཅང་ཉིན་རེའི་ཚགས་པར་ལས་རིགས་ཚོགས་པ། ཀྲུང་གོ་གསར་འགྱུར་དཔེ་སྐྲུན་སྨྱན་སྦྱོར་ཚོགས་པ་བཅས་ཀྱིས་གཉེར་རོགས་བྱས་པའི་2025ལོའི་ཀྲུང་གོའི་ཚགས་པར་ལས་རིགས་གསར་གཏོད་འཕེལ་རྒྱས་ཀྱི་དཔེ་མཚོན་འགྲེམས་སྟོན་ཧང་ཀྲོའུ་རུ་གཉེར་བ་རེད།

    ད་ཐེངས་ཀྱི་འགྲེམས་སྟོན་ལ་ཁྱོན་དཔེ་མཚོན་ཁག་60འགྲེམས་སྟོན་བྱས་པའི་ནང་། ཀུན་འདུས་སྨྱན་སྦྱོར་ཁྱབ་སྤེལ་འཛུགས་སྐྱོང་དང་། ནང་དོན་མཁོ་སྤྲོད་གསར་གཏོད། གཉེར་སྐྱོང་ཞབས་ཞུའི་རྣམ་པ་གསར་གཏོད། གྲངས་འཛིན་ལག་རྩལ་ཉེར་སྤྱོད། སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བཅས་རིགས་ཆེན་པོ་5ཚུད་ཡོད། དེའི་ནང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་བརྗོད་དོན་གཙོ་བོའི་གནས་ཚུལ་གཏོང་སྤེལ་གལ་ཆེན་གྱི་ཇུས་འགོད་ལེ་ཚན《སྐལ་བཟང་མེ་ཏོག་བཞད》ཅེས་པ་ནང་དོན་མཁོ་སྤྲོད་གསར་གཏོད་ཀྱི་དཔེ་མཚོན་ནང་བདམས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཐའ་མཚམས་མི་རིགས་ས་ཁུལ་དུ་བརྗོད་དོན་གཙོ་བོའི་གནས་ཚུལ་གཏོང་སྤེལ་དེ་བས་ལེགས་པར་གཞི་ཚུགས་ཆེད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་2023ལོར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་དུད་སྣེར་བརྗོད་དོན་གཙོ་བོའི་གནས་ཚུལ་གཏོང་སྤེལ་གལ་ཆེན་གྱི་ཇུས་འགོད་ལེ་ཚན《སྐལ་བཟང་མེ་ཏོག་བཞད》ཅེས་པ་བཟོས་ཤིང་། ལེ་ཚན་དེར་ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་སྤྱད་དེ། གསར་འགྱུར་དྲིལ་བསྒྲགས་ཀྱི་ནང་དོན་དང་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་པར། ཁྱབ་སྤེལ་གྱི་ཕན་འབྲས་བཟང་པོ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།