དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལོ་སྟོད་དུ་ཉིང་ཁྲིའི་ཕྱི་དངུལ་དང་འབྲེལ་བའི་གཏོང་ཡོང་གཞི་ཁྱོན་དུས་མཚུངས་ལས་ལྡབ་15.7འཕར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-18

    ཉེ་ཆར། གསར་འགོད་པར་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཉིང་ཁྲི་གྲོང་ཁྱེར་ཡན་ལག་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོའི་ལོ་སྟོད་དུ་ཉིང་ཁྲིའི་ཕྱི་དངུལ་དང་འབྲེལ་བའི་གཏོང་ཡོང་གཞི་ཁྱོན་དུས་མཚུངས་ལས་ལྡབ་15.7འཕར་བ་དང་། དངུལ་ཁང་གི་ངོ་ཚབ་ཕྱི་དངུལ་འཛའ་བཅད་ཚོང་སྒྱུར་དངུལ་འབོར་དུས་མཚུངས་ལས་15.82%འཕར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་དུ་ཉིང་ཁྲི་གྲོང་ཁྱེར་གྱི་དངོས་ཟོག་ཉོ་ཚོང་གི་ཕྱི་དངུལ་དང་འབྲེལ་བའི་གཏོང་ཡོང་དུས་མཚུངས་ལས་ལྡབ་3.04འཕར་བ་དང་། ཞབས་ཞུའི་ཉོ་ཚོང་གི་ཕྱི་དངུལ་དང་འབྲེལ་བའི་གཏོང་ཡོང་དུས་མཚུངས་ལས་86.49%འཕར་ཡོད།

    འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དངུལ་ཁང་གི“སྔ་སྣུར་ཞབས་ཞུ”སྒྲིག་འཛུགས་བྱས་པ་བརྒྱུད། ལོ་སྟོད་དུ། ཉིང་ཁྲི་གྲོང་ཁྱེར་ལ་རྒྱལ་སྤྱིའི་ཚོང་དོན་མངགས་ཐོའི་མ་དངུལ་བསྡུ་སྒྲིལ་ཐོག་མ་དང་། མི་དམངས་ཤོག་སྒོར་རྒྱལ་སྒྲོལ་ཐད་འཇོག་ལས་སྒོ་ཐོག་མ། རང་དངུལ་དང་ཕྱི་དངུལ་གཞི་གཅིག་ཅན་གྱི་རྩིས་ཁྲ་དང་པོ་བཅས་དོན་འཁྱོལ་བདེ་བླག་ཐུབ་པ་དང་། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་འཛིན་ཤོག་གི་མ་དངུལ་བསྡུ་སྒྲིལ་ཐོག་མ་འཚོལ་ཞིབ་ཧུར་ཐག་ཐུབ་ནས། ཉིང་ཁྲིའི་ཀུ་ཤུ་དང་ཁ་ཆེ་ཤ་སྐམ་སོགས་ཀྱི་ཁྱད་ལྡན་ཐོན་རྫས་རྒྱལ་ཕྱིར་འདོན་པར་དངུལ་རྩའི་སྒུལ་ནུས་བསྣན་ཡོད་པ་རེད།

    དེ་དང་ཆབས་ཅིག རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཉིང་ཁྲི་གྲོང་ཁྱེར་ཡན་ལག་ཅུས་ཀྱིས་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ས་ཚིགས་སྐྲུན་པའི་ཉིང་ཁྲི་གྲོང་ཁྱེར་གྱི་དམིགས་ཚད་ལ་དམ་པོར་དམིགས་ནས། རྒྱལ་སྒྲོལ་གཏོང་སྤྲོད་དང་ལེན་གྱི་ཁོར་ཡུག་བརྒྱུད་རིམ་ལྡན་པའི་ངང་རིམ་སྤོར་དང་། དངུལ་ཁང་ལ་གཙོ་གནད་ཚོང་དུད་ཀྱི་མིང་ཐོ་གཞིར་བཟུང་ཕྱི་རྒྱལ་གྱི་གཱ་ཡི་མཐའ་སྣེའི་བཀོད་པ་ལེགས་སུ་གཏོང་བར་མཛུབ་ཁྲིད་བྱས་ཏེ། རྒྱལ་སྒྲོལ་གཏོང་སྤྲོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱིས་ཡུལ་སྐོར་སྒོ་འབྱེད་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ཟླ་6པའི་ཟླ་མཇུག་བར། ཉིང་ཁྲི་གྲོང་ཁྱེར་དུ་ཕྱི་རྒྱལ་གྱི་གཱ་སྤྱོད་མཁན་ཚོང་དུད་180ཟིན་པ་དང་། ཕྱི་རྒྱལ་གྱི་གཱ་ནས་དངུལ་ལེན་ཐུབ་པའི་ATMའཕྲུལ་ཆས་ཁག་181ཡོད་པ། དངུལ་ཁང་6དང་གསོལ་མགྲོན་ཁང་གི་ཕྱི་དངུལ་བརྗེ་བའི་སྒྲིག་གཞི་1ལ་ཕྱི་དངུལ་ལས་སྒོའི་དྲ་ཚུགས་ཡོད་པ་བཅས་ལས། ལྟེ་བའི་ཡུལ་སྐོར་ཁུལ་དུ་གཏོང་སྤྲོད་ཞབས་ཞུ་ཁྱབ་ཚད་100%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།