དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུའུ་ཞི་ཞི་ཅིན་ཕིང་གི《སློབ་གསོའི་སྐོར་གླེང་བ》དང《ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་རྩ་གནད》 《པར་ཆས་ནང་གི་དྲོ་སྐྱིད་ལྡན་པའི་སྐད་ཅིག་མ》བཅས་ཀྱི་ཟོར་ལྕིའི་ཡི་གེའི་དཔར་མ་ཤང་ཀང་གི་དཔེ་དེབ་འགྲེམས་སྟོན་ཐོག་པར་ཕུད་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-18

    ཀྲུའུ་ཞི་ཞི་ཅིན་ཕིང་གི《སློབ་གསོའི་སྐོར་གླེང་བ》དང《ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་རྩ་གནད》 《པར་ཆས་ནང་གི་དྲོ་སྐྱིད་ལྡན་པའི་སྐད་ཅིག་མ》བཅས་ཀྱི་ཟོར་ལྕིའི་ཡི་གེའི་དཔར་མ་ཉེ་ཆར་མཉམ་འབྲེལ་དཔེ་སྐྲུན་ཚོགས་པས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཤིང་། ཟླ་7ཚེས་16ཉིན་ཤང་ཀང་གི་དཔེ་དེབ་འགྲེམས་སྟོན་གྱི་ཉིན་དང་པོར་དཔེ་དེབ་གསར་པའི་འགྲེམས་སྤེལ་ཚོགས་འདུ་འཚོགས་པ་རེད།

    《སློབ་གསོའི་སྐོར་གླེང་བའི》ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྩོམ་ཡིག་གལ་ཆེན་47བསྡུས་ཤིང་། དེའི་ནང“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་ལ་ཚན་རིག་དང་མཐུན་པའི་ངང་ལན་བཏབ་ཡོད། 《ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་རྩ་གནད》 ནང་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ལྟེ་བའི་ནང་དོན་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་སྟེ། རིག་གནས་ཁྱབ་ཁོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གསར་རྩོམ་རང་བཞིན་གྱི་ལེགས་སྐྱེས་ཕྱོགས་ཡོངས་ནས་མངོན་ཡོད་པ་དང་། དེ་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་དབང་གྲགས་ལྡན་པའི་གཞོགས་འདེགས་ཀློག་དེབ་ཅིག་རེད། 《པར་ཆས་ནང་གི་དྲོ་སྐྱིད་ལྡན་པའི་སྐད་ཅིག་མའི》ནང་ཤིན་ཧྭ་གསར་འགྱུར་ཁང་གི་མིང་གཅིག་པའི་རིམ་སྤེལ་མཉམ་འདྲེས་གནས་འཕྲིན་རྨང་གཞིར་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཡིད་དབང་འཕྲོག་པའི་སྐད་ཅིག་མའི་སྐུ་པར་ཞིབ་ཚགས་བདམས་ཏེ། ཡིག་རིས་གཉིས་ལྡན་གྱི་སྒོ་ནས་སྐུ་པར་གྱི་མི་སེམས་དྲོ་བའི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་ཡོད་རེད།

    ཟོར་ལྕིའི་ཡི་གེའི་དཔར་མའི་དཔེ་དེབ་གསུམ་པོ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཤང་ཀང་དང་ཨའོ་མོན་གྱི་ཀློག་པ་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཤེས་རྟོགས་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཚན་རིག་མ་ལག་ལ་གོ་བ་གཏིང་ཟབ་ལེན་པ། རང་རྒྱལ་གྱི་སློབ་གསོའི་བྱ་གཞག་ལ་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་ཅིང་། དེ་རྒྱལ་ཁབ་དང་། མི་རིགས། རིག་གནས་བཅས་ཀྱི་མོས་སེམས་རྒྱུན་མཐུད་ཟབ་ཏུ་བཏང་ནས། སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བར་རྒྱ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་སེམས་མཐུན་སྟོབས་སྒྲིལ་བྱེད་པར་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད།

    ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན། ཤང་ཀང་གི་རྒྱལ་གཅེས་ཀང་གཅེས་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ་དང་མཐུན་ཚོགས་ཀྱི་འཐུས་མི། ཤང་ཀང་ནོར་དཔལ་དང་། སློབ་གསོ། རིག་གནས། དཔེ་སྐྲུན་ལས་རིགས་བཅས་ཀྱི་འཐུས་མི། ཤང་ཀང་གཞོན་ནུའི་འཐུས་མི་བཅས་དཔེ་དེབ་གསར་པའི་འགྲེམས་སྤེལ་ཚོགས་འདུར་ཞུགས་ཡོད། ཤང་ཀང་མཛའ་མཐུན་མཐུན་ཚོགས་དང་། ཤང་ཀང་ཀྲུང་གོའི་ཁེ་ལས་མཐུན་ཚོགས། ཤང་ཀང་སློབ་གསོ་ལས་དོན་པའི་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཤང་ཀང་ཚོགས་མིའི་སྤྱི་ཁྱབ་ལྷན་ཚོགས་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་དཔེ་དེབ་གསར་པའི་འགྲེམས་སྤེལ་ཚོགས་འདུའི་ཐོག་དཔེ་དེབ་བླངས་པ་རེད། ཟོར་ལྕིའི་ཡི་གེའི་དཔར་མའི་དཔེ་དེབ་གསུམ་པོ་ཚེས་16ཉིན་ནས་བཟུང་ཤང་ཀང་དང་ཨའོ་མོན་གྱི་དཔེ་ཚོང་ཁང་ཚང་མར་བསྒྲིགས་པ་དང་འབྲེལ་གཙོ་གནད་ཐོག་འོས་སྦྱོར་འགྲེམས་འཚོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།