དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ལྗོངས་ཆབ་མདོ། གསར་བརྗེ་བརྗོད་དོན་གཙོ་བོར་བྱས་པའི་གནའ་གྲོང་།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏང་ལི། ལི་ཅན།   |     སྤེལ་དུས།  2025-07-17

    འདི་ནི་ཟླ་1ཚེས་5ཉིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་འུག་པ་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་རས་པ་འཁྲབ་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་ཟླས་པར་བརྒྱབ)

    འདི་ནི་གྲོང་མིས་ཆབ་མདོ་གྲོང་ཁྱེར་ཇ་རྟའི་ཐང་ཆེན་གྱི་བསིལ་གྲིབ་འོག་ངལ་གསོ་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧྥན་གྱིས་པར་བརྒྱབ)

    དམར་སྨུག་གི་ཆུ་བོའི་རྦ་རླབས་དྲག་ཏུ་འཕྱུར་བ་དང་རྫ་མདོག་གི་རི་བོ་གཅིག་ལ་གཅིག་ཏུ་འབྲེལ་ནས་རི་ཆུའི་དབར་གྱི་ས་རྒྱུ་དམར་པོ་དེའི་ཐོག་ཁང་པ་དང་། ཟམ་པ། ཐང་ཆེན་སོགས་ལའང་གསར་བརྗེའི་རྒྱན་སྤྲོས་བྱས་པའི་རིམ་པ་སྟར་ཆགས་ཀྱི་ཁང་པ་དེ་དག་གིས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཤར་རི་གྲོང་དེ་སྣུམ་ཚོན་རི་མོ་ལྟར་སྔར་བས་མཛེས་པར་གྱུར།

    རང་བྱུང་ཁམས་ཆེན་མོའི་འགྱུར་ལྡོག་ལས་དེ་གར་བཀྲག་མདངས་འཚེར་བའི་རང་མདངས་བསྣན་པ་དང་ཐུན་མིན་ཁྱད་ཆོས་ལྡན་པའི་ཁུལ་བབ་ལེགས་ཆས་མི་རིགས་མང་པོའི་རིག་གནས་དེ་གར་འདུས་ཏེ་དེང་གི་མི་རིགས་ཀྱི་གླུ་གར་དང་། སྲོལ་རྒྱུན་ལག་རྩལ། སྲོལ་རྒྱུན་གསོ་རིག ཐང་གའི་འབྲི་རྩལ་སོགས་མཛེས་སྡུག་རྣམ་པར་བཀྲ་བའི་རིག་གནས་ཀྱི་རྣམ་པ་བཏོད་པའི་ནང་མང་ཆེ་བར་གསར་བརྗེའི་གཞི་རྒྱུ་དང་མཚོན་རྟགས་འདུས་ཡོད་པ་སྟེ། སྐས་ཞིང་བཀོད་པའི་ཁང་པ་ནས་ཚོན་མདོག་སྣ་ཚོགས་ཀྱི་མི་རིགས་ཀྱི་རྒྱན་གོས་བར་དང་། གནའ་བོའི་ཚ་ཞིང་ལས་ཐོན་པའི་ཚ་དམར་པོ་ནས་ཁ་རུབ་གནའ་ཤུལ་ནས་ཁྱབ་པའི་རྫ་ཆས་དམར་པོའི་བར། བྲོ་པས་གྲུའུ་ཙེ་དམར་པོ་བཏགས་ནས་བྲོ་འཁྲབ་པ་དང་། རས་པ་འཁྲབ་མཁན་གྱིས་ལག་ཏུ་འཁྱེར་བའི་འབྲི་གཡག་གི་རྔ་མ་དམར་པོ། ཐང་ག་འབྲི་མཁན་གྱིས་འབྲི་རས་ཐོག་འབྲི་བཞིན་པའི་གྱོན་གོས་དམར་པོ་ལ་སོགས་ཀྱི་དམར་མདངས་དེ་མི་རིགས་ཀྱི་དྲན་ཤེས་ངོས་སུ་བརྐོས་ནས་མི་ཆོས་རིག་གནས་ཀྱི་ཤ་ཁྲག་ནང་སིམས་ཡོད།

    “ཆབ་མདོའི་གསར་བརྗེའི་དམར་མདངས་དེ་མི་རིགས་ཀྱི་རིག་གནས་དང་ཚད་མཐོའི་མཉམ་འདྲེས་བྱུང་ནས་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཅིག་གི་ཐུན་མིན་མཚོན་རྟགས་སུ་གྱུར་ལ། དེ་བས་གལ་ཆེ་བ་ཞིག་ནི་ལོ་རྒྱུས་ཀྱི་རླབས་ཆེན་འཕོ་འགྱུར་ཁྲོད་སིམས་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་དགས་བརྗོད།

    དམར་མདངས་བཀྲ་བའི་ཚོན་མདོག་ཕུད་ཆབ་མདོས་མི་རྣམས་ལ་བག་ཆགས་ཟབ་མོ་འཇོག་པ་ཞིག་ནི་ཁྲུང་ཆིང་དང་ཧ་ཅང་འདྲ་བའི་ས་དབྱིབས་དེ་རེད། གྲོང་ཁུལ་གྱི་ཆུ་བོ་རྒྱུག་ཁུལ་གྱི་ངོགས་གཉིས་སུ་ལུང་གཞུང་གི་སྐས་ས་དང་རི་ལྡེབས་ཆགས་ཡོད་པ་དང་། རི་ལྡེབས་སུ་ཁང་པ་ཆགས་ནས་མཐོ་དམའ་མི་གཅིག་ལ། གྲོང་ཁྱེར་གྱི་བཀོད་པ་ཁྲུང་ཆིང་དང་ཧ་ཅང་འདྲ་བའི“ཕྱོགས་བསྡུས་མཉམ་སྐྲུན”གྱི་ཁྱད་ཆོས་མངོན་པས“ས་མཐོའི་ཁྲུང་ཆིང་ཆུང་ངུ”ཞེས་འབོད་ཀྱི་ཡོད།

    གྲོག་རོང་ས་དབྱིབས་ཀྱི་ཚོད་འཛིན་ཕོག་ནས་གྲོང་ཁུལ་གྱི་ཁང་པ་ནམ་མཁའི་མཐོངས་ལ་བརྩེགས་པ་ལྟ་བུ་མིན་ན་ས་འོག་ཏུ་རྒྱ་ཆེར་གཏོང་རྒྱུ་ལས་མ་འདས་པས། ས་ངོས་ཀྱི་བར་མཐོངས་ཚང་མ་ལེགས་པར་སྤྱད་ཡོད་པ་སྟེ། གྲོང་ཁུལ་གྱི་ས་འོག་གི་ཕུག་ལམ་སྟེང་ཆགས་པའི་ཇ་རྟའི་ཐང་ཆེན་དང་། གཙང་འགྲམ་ཚོང་ལས་ཐོག་ཁང་གཤམ་གྱི་འཁྲུག་ཆ་དོད་པའི་མཚན་ཁྲོམ། གྲོང་ཁུལ་གྱི་ལམ་བཞི་མདོ་ཁའི་མཐའ་བཞིར་བསྐོར་བའི་སྤྲིན་ཟམ་སོགས་ཡོད་པ་རེད།

    ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ནོར་བུས་ངོ་སྤྲོད་བྱས་པར། ལོ་ངོ་75ཡི་རིང་། ཆབ་མདོས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་ཐོག་མཐའ་བར་གསུམ་དུ་ཤུགས་སྣོན་བརྒྱབ་ནས་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱིས་བརྗོད་དོན་གཙོ་བོར་བྱས་པའི་གསར་བརྗེའི་སློབ་གསོའི་རྟེན་གཞི་བསྐྲུན་པས་དཔེ་སྟོན་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་གསར་བརྗེའི་རིག་གནས་ཀྱི་གནས་རྟགས་ཤིག་ཆགས་ཏེ་གནད་ལ་འཁེལ་བ་དང་མཚུངས་ཆོས་ཅན་གྱི་གསར་བརྗེའི་གཏམ་རྒྱུད་ཁག་གཅིག་ཁྱབ་སྤེལ་ཐུབ་རྒྱུར་ལེགས་སྒྲིག་བྱེད་བཞིན་ཡོད།

    ནུབ་ཁའི་ཉི་འོད་འོག་གནམ་མཐའི་དམར་སེར་མདོག་གི་མཚམས་སྤྲིན་དེ་ས་གཞི་དང་། ཆུ་བོ། ཁང་ཁྱིམ། མི་རྣམས་ཀྱི་དམར་མདངས་རྒྱན་གོས་དང་ཕན་ཚུན་འདྲེས་ཏེ་ས་ཆ་དེའི་ཐོག་གི་ནམ་ཡང་འགྱུར་བ་མེད་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ཤིག་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།