དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁུ་ཁུ་ཤིས་རིར་ངོ་མཚར་ཆེ་བའི་འཕྲུལ་གཙོད་ཅིག་འདུག

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། མཱ་ཀྲེན་ཏུང་།   |     སྤེལ་དུས།  2025-07-17

    ཉེ་ཆར། ས་བབ་མཐོ་ཚད་སྨི་5000ཙམ་ཡོད་པའི་མཚོ་སྔོན་ཁུ་ཁུ་ཤིས་རིའི་རྩོ་ནག་མཚོའི་ཉེ་འགྲམ་དུ། 5Gཡི་དུས་འགྱངས་དམའ་ཤོས་ཀྱི་དྲ་རྒྱ་དང་AIརྩི་ཐབས་ལས་གྲུབ་པའི་སྐྱེ་དངོས་དཔེ་འགྲེའི་འཕྲུལ་གཙོད་ཅིག་གིས་གཙོད་ཁྱུ་ལ་ལྟ་ཞིབ་ཚད་ལེན་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

    སྐྱེ་དངོས་དཔེ་འགྲེའི་འཕྲུལ་གཙོད་ཀྱི་AIམཐོང་ཚོར་དབྱེ་འབྱེད་མ་ལག་གིས་གཙོད་ཀྱི་གནས་སྤོས་བཤུལ་ལམ་དང་། རྩྭ་ཆུ་ཟ་འཐུང་གི་གོམས་གཤིས། གཙོད་ཕྲུག་འཚར་ལོངས་གནས་ཚུལ་བཅས་ཤེས་རྟོགས་ཐུབ་རྗེས་5Gདྲ་རྒྱ་བརྒྱུད་འཕྲལ་མ་ཉིད་དུ་རྗེས་མཐའི་ལས་སྟེགས་ཐོག་བརྒྱུད་སྤྲོད་བྱེད་ཐུབ། རིག་ནུས་དབྱེ་ཞིབ་དཔེ་དབྱིབས་ཀྱིས་འགག་རྩའི་ཆ་འཕྲིན་རང་འགུལ་ངང་གདམ་གསེས་བྱས་རྗེས་གཙོད་ཁྱུའི་འགུལ་རྣམ་སྙན་ཞུ་བཟོས་ནས་ཚན་རིག་ཞིབ་འཇུག་ཚོགས་པར་གནད་འཁེལ་ཐབས་ཇུས་འདིང་བའི་གཞི་འཛིན་ས་མཁོ་འདོན་བྱེད་ཐུབ། “མདུན་མཐར་ཚོར་མེད་འཚོལ་བསྡུ་དང་རྗེས་མཐར་རིག་ནུས་དབྱེ་ཞིབ”བྱེད་པའི་རྣམ་པ་དེ་རིགས་ཀྱིས་མིའི་རིགས་ཀྱིས་ཐག་ཉེ་ས་ནས་ལྟ་ཞིབ་ཚད་ལེན་བྱས་པ་ལས་རི་སྐྱེས་སྲོག་ཆགས་ལ་ཐེབས་པའི་འགལ་རྐྱེན་མེད་པར་བཟོས་པ་མ་ཟད། ད་དུང་སྐྱེ་ཁམས་གྲངས་གཞི་ཤེས་རྟོགས་ལས་ཕྱོད་ཆེ་རུ་ལྡབ་ཁ་ཤས་བཏང་ཡོད་པ་རེད།

    5Gདང་། AI དཔེ་དབྱིབས་ཆེན་པོ་བཅས་སྡེབ་པས་ཁུ་ཁུ་ཤིས་རིའི་ཁྱོན་ཡོངས་སྐྱེ་ཁམས་རིག་ནུས་དོ་དམ་མ་ལག་བཙུགས་ཤིང་། སྐྱེ་ཁམས་རིན་ཐང་སྔོག་འདོན་སོགས་ལས་དོན་ཡག་པོ་བསྒྲུབས་ཏེ། གཙོད་དང་གཙང་གསུམ་ཆུ་འགོ་སྲུང་སྐྱོང་དང་། གནམ་གཤིས་འགྱུར་ལྡོག་ཞིབ་འཇུག་སོགས་ལ་ཚན་རིག་དང་མཐུན་པའི་འདེགས་སྐྱོར་མཁོ་འདོན་བྱེད་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།