ཀྲུང་ཡོའི་དུས་གཏན་མེ་འཁོར(ཁྲེང་ཏུའུ་ནས་ཁྲུང་ཆིང)བགྲོད་ལམ་ལྷོ་མའི་མྱུར་འབྱོར་དུས་གཏན་མེ་འཁོར་གཏོང་འགོ་ཚུགས་པ།
ཉེ་ཆར། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཆིང་པའེ་ཅང་ཆུས་ཀྱི་ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁར་ཕྱེད་གྲུབ་ཡིན་པའི་གཤེར་ཤེལ་བརྙན་འཕྲིན་སྒམ་55དང་ལྷུ་ལག་གཞན་དག་བྱུར་བུར་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར(ཁྲེང་ཏུའུ་ནས་ཁྲུང་ཆིང)བགྲོད་ལམ་ལྷོ་མའི་མྱུར་འབྱོར་དུས་གཏན་མེ་འཁོར་ཡོ་རོབ་ཀྱི་ཕྱོགས་སུ་ཐོན་འགོ་ཚུགས་པ་རེད། ད་ཐེངས་ཀྱི་མེ་འཁོར་འདི་ཧོར་ཀོ་སི་བརྒྱུད་ནས་རྒྱལ་མཚམས་སྒྲོལ་རྒྱུ་དང་། ཧ་སག་སི་ཐན་བརྒྱུད་རྗེས་ལི་མཚོ་བརྒལ་ནས་ཨ་ཟེར་བྷེ་ཇན་གྱི་པ་ཁུའུ་གྲུ་ཁར་འབྱོར་ཏེ་ཐུར་ཁེའི་མངའ་ཁོངས་སུ་བསྐྱོད་རྒྱུ། དེ་ནས་སླར་ཡང་ལྕགས་ལམ་བརྒྱུད་ཡོ་རོབ་ཀྱི་ལུའོ་ཙིར་སྐྱེལ་འདྲེན་བྱ་རྒྱུ་ཡིན་ཞིང་། བརྒྱུད་རིམ་ཧྲིལ་པོའི་སྐྱེལ་འདྲེན་དུས་ཚོད་སྔོན་དཔག་བྱས་ན་ཉིན་25ཟིན་རྒྱུ་རེད།
འདི་ནི་དུས་གཏན་མེ་འཁོར་ཡོ་རོབ་ཀྱི་ཕྱོགས་སུ་རྡོག་ཐོན་བྱེད་པ།
འབྲེལ་ཡོད་གསར་འགྱུར།