བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ།
གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རམ་འདེགས་བྱས་པ།
ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་ནན་ཏན་བྱས་པ་རེད། གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་གཞི་རིམ་ལས་བྱེད་པ་ཚོས“བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”བློ་རྒྱ་དང“བྱས་རྗེས་འཇོག་པར་ང་ཡིས་འབད་པའི”འགན་སེམས་འཆང་བཞིན་ཏན་ཏན་ཏིག་ཏིག་དང་ཡང་འབད་བསྐྱར་འབད་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཧུར་ཐག་བཏང་སྟེ། རང་ལྗོངས་ཀྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་ནང་། ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་ཐུགས་ཁུར་ཟབ་མོ་འདུས་ཡོད། དེ་དང་དུས་མཚུངས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཔའ་ངར་ཆེན་པོས་མདུན་སྐྱོད་དང་དོན་གཉེར་ལྷོད་མེད་བྱེད་པར་སྐུལ་ལྕག་དང་སྣེ་ཁྲིད་ཀྱང་བྱས་ཡོད”ཅེས་ཉིང་ཁྲི་གྲོང་ཨུད་ཏང་གི་སློབ་གྲྭའི(གྲོང་ཁྱེར་སྲིད་འཛིན་སློབ་གླིང)སློབ་སྤྱི་གཞོན་པ་ཁྲེན་ཀྲུང་ཞང་གིས་བརྗོད། ཀ་ལ་གྲོང་ཚོར“ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོ”ཞེས་འབོད་ལ། དེ་ནི་ཉིང་ཁྲི་གྲོང་ཨུད་ཏང་གི་སློབ་གྲྭས་ཏང་གཤིས་སློབ་གསོ་སྤེལ་བའི་ལག་ལེན་སློབ་ཁྲིད་རྟེན་གཞི་ཞིག་ཀྱང་རེད། ཉིང་ཁྲི་གྲོང་ཨུད་ཏང་གི་སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀ་ལ་གྲོང་ཚོས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བསགས་པའི་ཉམས་མྱོང་ལེགས་པོ་སྔོག་འདོན་དང་། ཕྱོགས་སྡོམ། ཞུན་བརྡར་བཅས་བྱེད་པ། “རིམ་བཞིའི་གཏན་ཚིགས”དང“བྱེད་ཐབས་ཆེན་པོ་དྲུག”གི་ལས་ཀའི་བྱེད་ཐབས་གསར་གཏོད་བཅས་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རམ་འདེགས་བྱེད་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་པས་གྲོང་གསེབ་དར་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་འཕར་བ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། མི་རིགས་མཐུན་སྒྲིལ་སྔར་བས་སྲ་བརྟན་དུ་ཕྱིན་པ་བཅས་བྱུང་ནས་རྒྱ་ཆེའི་ཞིང་འབྲོག་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྐལ་དབང་རྣམ་རྒྱལ་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་གོང་འོག་གཅིག་གྱུར་དང་ངར་ཤུགས་རབ་ཏུ་འཕེལ་ཡོད། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་མགྱོགས་མྱུར་འཛུགས་སྐྲུན་བྱས་པས། གསར་བརྗེའི་རང་བཞིན་གྱི་ཐོག་ནས་ལྗོངས་ཡོངས་ཀྱི་སྔོན་ལ་མི་ཕྱུགས་ལོགས་དབྱེ་ལེགས་གྲུབ་བྱུང་ཡོད། “གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་དུ་ས་ཁོངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ“འཁོར་འབྲེལ་ཧྲིལ་པོའི་རིན་ཐང་འཕར་སྣོན་དང་། མཉམ་འདྲེས་གསར་གཏོད། ཞིང་འབྲེལ་མཉམ་སྤྱོད”བཅས་ཀྱི་ཐོན་ལས་སྐྱེ་ཁམས་བསྐྲུན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།