2025ལོའི་ལོ་སྟོད་དུ་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་2.9%འཕར་བ།
འདི་ནི་2025ལོའི་ཟླ་7ཚེས་14ཉིན་པར་བརྒྱབ་པའི་ཅང་སུའུ་ནན་ཅིང་ལུང་ཐན་གྲུ་ཁའི་དོས་སྒམ་གྲུ་ཁའི་ཕྱི་ཕྱོགས་ཚོང་དོན་འདོན་འཇུག་ལས་སྒྲུབ་ཁུལ་ཡིན་པ།
2025ལོའི་ཟླ་7ཚེས་14ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྡ་ཁྱབ་བཏང་ནས། འགག་སྒོས་བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱིས་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་21.79རི་བའི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་2.9%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་13ཟིན་པར་7.2%འཕར་བ་དང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་8.79ཟིན་པར་2.7%ཆག་ཡོད།
འབྲེལ་ཡོད་གསར་འགྱུར།