དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་དབྱིན་ཇིས་དཔར་དབང་དང་དེ་བཞིན་འབྲེལ་ཡོད་དབང་ཆའི་ཁྱབ་ཁོངས་ཀྱི་མཉམ་ལས་བསམ་ཤེས་བརྗེད་ཐོ་གསར་བརྗེས་ལ་མིང་རྟགས་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-07-16

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རྒྱལ་ཁབ་དཔར་དབང་ཅུས་དང་དབྱིན་ཇིའི་ཤེས་བྱའི་བདག་དབང་ཅུས་ཀྱིས་ལོན་ཏོན་དུ་པུའུ་རིམ་པའི་དཔར་དབང་གི་སྲིད་གཞུང་དབར་གྱི་ལས་དོན་གྲོས་མོལ་བྱས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་དཔར་དབང་ཅུས་དང་དབྱིན་ཇིའི་ཤེས་བྱའི་བདག་དབང་ཅུས་ཕྱོགས་གཉིས་པོའི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་ཤེས་བརྗེད་ཐོ》གསར་བརྗེ་བྱས་ནས་མིང་རྟགས་བཀོད་ཡོད། ད་ཐེངས་ཀྱི་གྲོས་མོལ་དང་བརྗེད་ཐོ་གསར་བརྗེས་ལ་མིང་རྟགས་བཀོད་པ་ནི་ཕྱོགས་གཉིས་པོའི་དཔར་དབང་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད།

    བརྗེད་ཐོ་དེ་ནི་ཅུས་གཉིས་པོས་2010ལོར་མིང་རྟགས་བཀོད་པའི་ཀྲུང་གོ་དང་དབྱིན་ཇིའི་དཔར་དབང་གི་འཐབ་ཇུས་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོ་གསར་བརྗེས་བྱས་པ་ཞིག་རེད། བརྗེད་ཐོ་དེ་གཞིར་བཟུང་། ཕྱོགས་གཉིས་པོས་དཔར་དབང་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་དུས་བཀག་ལྟར་དཔར་དབང་དང་འབྲེལ་ཡོད་དབང་ཆའི་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ལག་རྩལ་གྱི་ཆ་འཕྲིན་བརྗེ་རེས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དཔར་དབང་དོ་དམ་པ་དང་འབྲེལ་ཡོད་ལས་ཞུགས་མི་སྣས་ཕན་ཚུན་འཚམས་འདྲི་དང་གསོ་སྦྱོང་སོགས་ཀྱི་རྣམ་པའི་ཐོག་ནས་སྤེལ་རེས་ལ་ལྕག་སྐུལ་བྱེད་པ་མ་ཟད། རྩོམ་དབང་གཅིག་སྡུད་དོ་དམ་རྩ་འཛུགས་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་ཞིག་ཀྱང་རེད། ཕྱོགས་གཉིས་པོས་ལོ་འཁོར་ལས་དོན་གྱི་འཆར་གཞི་མཉམ་དུ་བཟོས་ནས་ལག་ལེན་བསྟར་ཏེ་ཞིབ་ཕྲའི་བྱེད་སྒོ་སྤེལ་ནས་བརྗེད་ཐོ་དེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་སྤྱིའི་དཔར་དབང་བཅོས་སྐྱོང་བྱེད་ཟབ་ཏུ་དང་རྒྱལ་ཁབ་གཉིས་པོའི་དཔར་དབང་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གསར་པ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།