ནེའུ་ཙི་ལན་གྱིས་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་འཐབ་ཇུས་ཐོག་མ་བཏོན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝེ་ལིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནེའུ་ཙི་ལན་གྱིས་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་འཐབ་ཇུས་ཐོག་མ་བཏོན་ཞིང་། དེའི་དམིགས་ཡུལ་ནི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་རྒྱལ་ཁབ་ཀྱི་འགྲན་ནུས་ཀྱང་ཆེ་རུ་གཏོང་ཆེད་རེད།
ཉིན་ཤས་གོང་། ནེའུ་ཙི་ལན་གྱི་ཚན་རིག་དང་། གསར་གཏོད། ལག་རྩལ་བཅས་པུའི་པུའུ་ཀྲང་ཧྲ་ཨེན·ལེ་ཏིས་སྔོན་དཔག་བྱས་ན་2038ལོར་སླེབས་སྐབས། མི་ཐབས་རིག་ནུས་ཀྱིས་ནེའུ་ཙི་ལན་གྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)ནེའུ་ཙི་ལན་གྱི་སྒོར་མོ་དུང་ཕྱུར་760(བསྡོམས་ཨ་སྒོར་དུང་ཕྱུར་455ཙམ་ཡིན་པ)ཟིན་པར་ལེགས་སྐྱེས་འབུལ་ཐུབ་པའི་ཁྱབ་བསྒྲགས་བྱས་པ་རེད།
ལེ་ཏིས་སྲིད་གཞུང་གིས་ལྟ་འདོམས་ཁྲིད་སྟོན་བྱས་ཏེ་འགན་འཁུར་མཁན་གྱིས་མི་ཐབས་རིག་ནུས་སྤྱོད་པར་སྐུལ་ལྕག་གཏོང་རྒྱུ་དང་། འཐབ་ཇུས་གསར་པའི་ནང“ལྟ་འདོམས་ལྷུག་པོའི”ཁོར་ཡུག་ནན་བཤད་བྱས་ཏེ་ཁེ་ལས་ཀྱིས་མི་ཐབས་རིག་ནུས་ཐད་མ་དངུལ་གཏོང་བའི་ཡིད་ཆེས་བརྟན་དུ་བཏང་ཡོད། སྒེར་གཉེར་སྡེ་ཚན་གྱིས་མི་ཐབས་རིག་ནུས་སྤྱོད་པ་དང་གསར་གཏོད་ལ་སྐུལ་འདེད་བཏང་བ་ལས་ཐོན་རྫས་གསར་པ་དང་ཞབས་ཞུ་གསར་པ་བྱུང་ནས་ལས་ཕྱོད་ཆེ་རུ་འགྲོ་བ་དང་འབྲེལ་འཐབ་ཇུས་ཀྱང་ལེགས་སུ་ཕྱིན་ནས་ཐོན་སྐྱེད་ནུས་ཤུགས་འཕར་རེ་ཡོད་ཅེས་བརྗོད་པ་རེད།
ཁོང་གིས་ནེའུ་ཙི་ལན་གྱིས་མི་ཐབས་རིག་ནུས་ཀྱི་ལེགས་ཆ་བབ་བསྟུན་ངང་སྤྱད་དེ་གནད་སྨིན་ཞིང་ལས་དང་སྔོན་ཐོན་སྨན་བཅོས་ནད་བརྟག་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། སྲིད་གཞུང་གིས་ད་དུང་རྒྱལ་སྤྱིའི་རོགས་ཟླ་དང་མཉམ་ལས་བྱས་ནས་འགན་འཁུར་མཁན་ས་ཁུལ་གྱིས་མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
སྤྱི་དམངས་ཀྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་ཆེད་ནེའུ་ཙི་ལན་གྱིས《འགན་འཁུར་མཁན་གྱི་མི་ཐབས་རིག་ནུས་ཕྱོགས་སྟོན》དུས་མཚུངས་སུ་བཏོན་ནས་ཁེ་ལས་ཀྱིས་མི་ཐབས་རིག་ནུས་ལག་རྩལ་བདེ་འཇགས་ངང་བེད་སྤྱོད་དང་འཕེལ་རྒྱས་གཏོང་བར་རོགས་རམ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།