དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཨ་ཧྥེ་རི་ཁའི་བྱེ་ཐང་ལྗིད་ཐེག་ལྕགས་ལམ་སྔོན་བཟོས་དུམ་བུར་ལྕགས་ལམ་བཏིང་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-16

    ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཚོགས་པ་ཀུང་སིས་སྐྲུན་འགན་ཁུར་བའི་ཨར་ཅི་རི་ཡའི་ནུབ་རྒྱུད་ལྕགས་ལམ་གཏེར་ལས་ལམ་ཐིག་རྣམ་གྲངས་ཀྱི་སྤྱི་ལེ་135ཡི་སྔོན་བཟོས་དུམ་བུའི་ལྕགས་ལམ་ཚེས་7ཉིན་བཏིང་ཟིན་པ་དེ་ཐོག་ནས་ཨ་ཧྥེ་རི་ཁའི་བྱེ་ཐང་ལྗིད་ཐེག་ལྕགས་ལམ་ཐོག་མའི་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་མཚོན་ཡོད།

    ཨར་ཅི་རི་ཡའི་ཐིང་ཏུའུ་ཧྥུའུ་ཞིང་ཆེན་གྱི་ཧྲེང་ཀྲང་མུའུ་སི་ཐ་ཧྥ·ཏ་ཧུའུ་དང་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཚོགས་པ་ཀུང་སིའི་ཏུང་ཧྲི་ཀྲང་ཏའེ་ཧོ་ཀེན་སོགས་ཉིན་དེའི་ལྕགས་ལམ་འདིང་བའི་མཛད་སྒོར་ཞུགས་པ་རེད།

    མཛད་སྒོའི་ཐོག་ཏ་ཧུའུ་ཡིས། ཨར་ཀྲུང་ཕྱོགས་གཉིས་ཀྱིས་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་ས་གནས་འདི་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྦྱིན་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    ཏའེ་ཧོ་ཀེན་གྱིས། ནུབ་རྒྱུད་ལྕགས་ལམ་གཏེར་ལས་ལམ་ཐིག་རྣམ་གྲངས་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་ལྕགས་ལམ་ཁྱབ་ཁོངས་ཀྱི་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཚོགས་པ་ཀུང་སིའི་ཆེད་ལས་སྟོབས་ཤུགས་མངོན་པ་མ་ཟད། ཀྲུང་ཨར་མཉམ་ལས་ཐད་ཀྱི་དཔང་པོ་ནུས་ལྡན་ཞིག་ཀྱང་རེད། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཚོགས་པ་ཀུང་སིས་ཨར་ཅི་རི་ཡ་དང་མཉམ་དུ་འགྲིམ་འགྲུལ་དང་། ནུས་རྒྱུ། གསར་དར་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མཐུད་ཟབ་ཏུ་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།