དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་གནམ་གཏིང་འཚོལ་ཞིབ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་ཐོག་མ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-16

    ཉེ་ཆར་རྒྱལ་སྤྱིའི་གནམ་གཏིང་འཚོལ་ཞིབ་སློབ་ཚོགས་འཛུགས་པའི་ཚོགས་ཆེན་ཨན་ཧུའེ་ཧོ་ཧྥེ་རུ་འཚོགས་ཤིང་། འདི་ནི་རང་རྒྱལ་གྱི་གནམ་གཏིང་འཚོལ་ཞིབ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་ཐོག་མ་དེ་རེད།

    རྒྱལ་སྤྱིའི་གནམ་གཏིང་འཚོལ་ཞིབ་སློབ་ཚོགས་ནི་གནམ་གཏིང་འཚོལ་ཞིབ་ཚོད་ལྟ་ཁང་དང་། ཀྲུང་གོ་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་ཟླ་དཔྱད་ལས་གཞི་དང་འཇིག་རྟེན་འཕུར་སྐྱོད་ལས་གཞིའི་ལྟེ་གནས། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་སློབ་ཚོགས། ཀྲུང་གོའི་བར་སྣང་ཚན་རིག་སློབ་ཚོགས། ཧྥ་རན་སེའི་རྒྱུ་སྐར་འཚོལ་ཞིབ་ས་གཞིའི་ངོས་ཐིག་2061བཅས་ཚན་པ་ལྔ་ཡིས་མཉམ་དུ་གྲོས་འགོ་བཏོན་པ་དང་། རྒྱལ་ནང་གི་ཡོན་ཧྲི་20དང་ཕྱི་རྒྱལ་གྱི་ཚན་རིག་པ་31གིས་མཉམ་དུ་རེ་ཞུ་བྱས་ཏེ་ལོ་གཉིས་ལྷག་ཙམ་གྲ་སྒྲིག་བྱས་པ་བརྒྱུད། འདི་ལོའི་ཟླ་བ་བཞི་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་དམངས་སྲིད་པུའུ་རུ་ཐོ་འགོད་བྱས་པ་དང་རང་ཚུགས་ཁྲིམས་མིའི་ཐོབ་ཐང་ལྡན་པའི་ཁེ་གཉེར་རང་བཞིན་མིན་པའི་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་སུ་གྱུར་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།