ཅིང་ཅིན་ཅིའི་ཡུལ་སྐོར་མེ་འཁོར་ཐོག་མ་སྤྱོད་འགོ་ཚུགས་པ།
འགྲིམ་འགྲུལ་ཡོ་བྱད་ནས“ལྗོངས་གཟིགས་འཁོར་སྒྲོམ”དུ་གྱུར་པ།
འདི་ནི་མཛེས་ལྗོངས་ལ་ལྟ་བའི་འཁོར་སྒྲོམ་ཡིན་པ།
ཟླ་7ཚེས་9ཉིན་གྱི་ཆུ་ཚོད་8དང་སྐར་མ་35ལ།“སྐར་འོད·ཡན་ཀྲའོ་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་པེ་ཅིང་བབས་ཚུགས་ནས་ཐོན་ཏེ་ཧོ་པེ་ཁྲེང་ཏེའི་ཕྱོགས་སུ་བསྐྱོད་པ་དེ་ཐོག་ནས་ཅིང་ཅིན་ཅིའི་ཡུལ་སྐོར་མེ་འཁོར་ཐོག་མ་སྤྱོད་འགོ་ཚུགས་པ་མཚོན་ཡོད།
མེ་འཁོར་འགྲིམ་འགྲུལ་ཡོ་བྱད་ནས“ལྗོངས་གཟིགས་འཁོར་སྒྲོམ”དུ་ཇུས་འགོད་བྱས་ཡོད། མེ་འཁོར་ཧྲིལ་པོར་འཁོར་སྒྲོམ་7ཡོད་པའི་ནང་ཡུལ་ལྗོངས་ལ་ལྟ་བའི་འཁོར་སྒྲོམ་4དང་། ཟ་ཁང་འཁོར་སྒྲོམ་1 ཡུལ་ལྗོངས་ཧྲིལ་པོར་ལྟ་བའི་འཁོར་སྒྲོམ་1 ནུས་མང་རོལ་རྩེད་ཀྱི་འཁོར་སྒྲོམ་1བཅས་ཡོད་པ་དང་འགྲུལ་པ་208ཤོང་བས། ལྟ་སྐོར་དང་། བཟའ་བཏུང་། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་སྒུལ་བདེའི་རིག་གནས་བར་མཐོངས་ཤིག་གྲུབ་ཡོད།
“སྐར་འོད·ཡན་ཀྲའོ་རྟགས་ཅན”གྱིས་དུས་གཏན་མེ་འཁོར་གྱི་བྱེད་ཐབས་སྤྱད་ནས་དུས་ཚོད་གཏན་འཁེལ་ངང་གཏོང་བ་དང་དུས་ཐོག་ཏུ་འབྱོར་གྱི་ཡོད། ཟླ་7ཚེས་9དང་10ཉིན་མེ་འཁོར་པེ་ཅིང་ནས་ཁྲེང་ཏེའི་ཕྱོགས་སུ་བསྐྱོད་པ་དང་ཟླ་7ཚེས་12ཉིན་ནས་བཟུང་པེ་ཅིང་ནས་ཆིན་ཧོང་ཏའོ་ཁ་ཕྱོགས་སུ་བསྐྱོད་ཀྱི་ཡོད་པ་རེད།
འགྲུལ་པས་ལག་ཐོགས་ཁ་པར་གྱི་12306གི་ཉེར་སྤྱོད་བརྒྱུད་རིམ་གྱི“སྤ་སེ·ཡུལ་སྐོར”གྱི་དྲ་ངོས་ཀྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ནས་སྤ་སེ་ཉོ་ཆོག་པ་དང་། འགྲོ་ཐེངས་གཅིག་གི་སྤ་སེར་སྒོར་375བྱེད་པ་དང་མིག་སྔར་གོང་བཅག་པར་བརྟེན་སྤ་སེར་སྒོར་281ལས་སྤྲོད་དགོས་ཀྱི་མེད་པ་དང་ཁ་ལག་ཐེངས་གཅིག་ཟ་བའི་རིན་པའང་དེའི་ནང་ཚུད་ཡོད། འགྲོ་ཐེངས་གཅིག་གི་སྤ་སེ་སྤྱད་དེ་ལྟ་སྐོར་འཁོར་སྒྲོམ་དུ་སྡོད་ཆོག མེ་འཁོར་དུ་བསྡད་རྗེས་དེ་མཚུངས་ཀྱི་ཞབས་ཞུ་ཉོས་ཚེ་ཡུལ་ལྗོངས་ཧྲིལ་པོར་ལྟ་བའི་འཁོར་སྒྲོམ་དང་ནུས་མང་རོལ་རྩེད་འཁོར་སྒྲོམ་ནང་སྡོད་ཆོག
གཞན་ཡང་། མེ་འཁོར་གྱིས་རྒན་འཕྲོད་ཅན་དང་སྐྱིད་སྣང་དོད་པའི་བྱེད་ནུས་རིམ་སྤོར་ལ་མཐོང་ཆེན་བྱས་ཤིང་། དབུ་དཀར་འགྲུལ་པའི་ཚོགས་སྤྱིའི་དགོས་མཁོར་དམིཌ་ཏེ་རྐུབ་སྟེགས་དང་། ལག་སྐྱོར། འདྲེད་འགོག་ས་གདན། མྱུར་སྐྱོབ་ཡོ་བྱད་སོགས་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད།
འགྲུལ་བཞུད་བྱེད་རིང་འགྲུལ་པར་ཁྱད་ལྡན་བཟའ་བཏུང་གྲ་སྒྲིག་བྱེད་པ་དང་ཀོ་བརྙན་ཟློས་གར་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ཉམས་ལེན་མཁོ་འདོན་བྱེད་པ་མ་ཟད། དམངས་ཁྲོད་རོལ་དབྱངས་དང་། བཞད་གཏམ། ཅིང་ཅུས་ཁྲང་ཞི། མིག་འཕྲུལ་སོགས་རིག་གནས་རོལ་རྩེད་སྐོར་འཁྲབ་དང་མཉམ་འགུལ་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཤིང་། འགྲུལ་པས་ད་དུང་མཛེས་ལྗོངས་ཁུལ་དང་གསོལ་མགྲོན་ཁང་སོགས་འདེམས་ཆོག
“སྐར་འོད·ཡན་ཀྲའོ་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་ནི་ཧོ་པེ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་ལྕགས་ལམ་པེ་ཅིང་ཅུས། ཀྲུང་གོ་ཡུལ་སྐོར་ཚོགས་པ་མ་འཇོག་དང་རྒྱུ་ནོར་དོ་དམ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།