ཤིན་ཅང་ཐ་ལི་མུའུ་གཤོང་སའི་མཐའ་སྐོར་གྱི་ཆན་ཧྥུའུ་750ཟིན་པའི་གློག་སྒྱུར་ལས་གྲྭའི་སྐུད་ལམ་ཧྲིལ་པོ་འབྲེལ་མཐུད་ཐུབ་པ།
འདི་ནི་སྒྲིག་སྦྱོར་བྱས་ཟིན་པའི་མིང་ཧྥུང་ནས་ཆེ་མོ་བར་གྱི་ཆན་ཧྥུའུ་750ཟིན་པའི་གློག་གཏོང་སྐུད་ལམ་ཡིན་པ།
ཉེ་ཆར། ཐ་ལི་མུའུ་གཤོང་སའི་ལྷོ་ཕྱོགས་ཀྱི་ཤིན་ཅང་ཧོ་ཐེན་ས་ཁུལ་མིང་ཧྥུང་རྫོང་དུ། དུས་ཡུན་ལོ་15རིང་སྐྲུན་པའི་ཐ་ལི་མུའུ་གཤོང་སའི་མཐའ་སྐོར་གྱི་ཆན་ཧྥུའུ་750ཟིན་པའི་གློག་སྒྱུར་ལས་གྲྭའི་སྐུད་ལམ་ཧྲིལ་པོ་འབྲེལ་མཐུད་ཐུབ་པ་རེད། ལས་གྲྭ་དེ་ཁག་9ཡི་ཆན་ཧྥུའུ་750ཟིན་པའི་གློག་སྒྱུར་ལས་གྲྭ་དུས་མཚམས་དབྱེ་ནས་ཨར་ལས་ལེགས་གྲུབ་བྱུང་ཞིང་། སྐུད་ལམ་ཧྲིལ་པོའི་སྤྱིའི་རིང་ཚད་སྤྱི་ལེ་4197ཟིན་པ་དང་། སྔོན་དཔག་བྱས་ན་ལས་གྲྭ་ཧྲིལ་པོ་འདི་ལོའི་ཟླ་11པར་འཁོར་སྐྱོད་བྱེད་འགོ་ཚུགས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།