གློག་སྒྲོན་འོག་ཏུ་བྲེལ་འཚུབ་ལས་ལ་གཞོལ། དུས་ཚོད་དམ་འཛིན་ལས་ཡུན་འགན་ལེན་བྱེད།
—— ལྷོ་ཁ་གྲོང་ཁྱེར་ཟ་ར་ལམ་གྱི་གཙང་སྒྲོལ་ཟམ་ཆེན་གྱི་སྒམ་གདུང་དང་པོ་ལུགས་བརྒྱབ་ཟིན་པ།
འདི་ནི་ཀྲུང་གོ་ལྕགས་ལམ་དང་གྲོང་ཁྱེར་འཛུགས་སྐྲུན་འགྲིམ་འགྲུལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལྷོ་ཁའི་གཙང་སྒྲོལ་ཟམ་ཆེན་རྣམ་གྲངས་ཀྱི་སྒམ་གདུང་དང་པོ་བདེ་བླག་ངང་སྐྲུན་ཟིན་པའི་དྲན་རྟེན་མཉམ་པར་ཡིན་པ།
ས་སྲོས་ཀྱི་མཚམས་སུ་ཡར་ཀླུང་གཙང་པོའི་ས་བབ་སྨི་3547ཡོད་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་ཀླུང་གཙང་པོའི་ལུང་གཞུང་དུ་ཀྲུང་གོ་ལྕགས་ལམ་དང་གྲོང་ཁྱེར་འཛུགས་སྐྲུན་འགྲིམ་འགྲུལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བའི་ལྷོ་ཁ་གྲོང་ཁྱེར་ཟ་ར་ལམ་གཙང་སྒྲོལ་ཟམ་ཆེན་གྱི་ལས་ཡུལ་ཉིན་མོ་ལྟར་དཀར་ཆ་ཤིན་ཏུ་དོད།
ཡར་ཀླུང་གཙང་པོའི་ངོགས་གཉིས་འཕྲེད་བཅད་ཀྱི་ཟ་ར་ལམ་གྱི་གཙང་སྒྲོལ་ཟམ་ཆེན་ནི་ལྷོ་ཁ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་ཞིག་རེད།
ས་བབ་སྨི་3500ཡན་གྱི་ས་མཐོར་ཨར་ལས་བྱེད་སྐབས་ལྷུ་ཚིགས་ཚང་མར་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད། ཉིན་མཚན་གྱི་དྲོད་ཚད་ལ་ཧེ་བག་ཆེ་བ་དང་མཁའ་རླུང་ནང་གསོ་རླུང་འདུས་ཚད་དམའ་བ་སོགས་ཀྱི་རྒྱུ་རྐྱེན་དངོས་ལ་དམིགས་ནས། རྣམ་གྲངས་ཚོགས་པས་ཆུ་ཚོད་24རེས་འཁོར་གྱིས་ལས་ཀ་བྱས་ཏེ་མི་དང་འཕྲུལ་འཁོར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད། འགོ་ཁྲིད་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་འཐབ་ས་དང་པོ་བརྟན་སྲུང་བྱེད་པ་དང་རྒྱབ་ཕྱོགས་མཁོ་སྒྲུབ་སྡེ་ཚན་གྱིས་དུས་ཐོག་ཏུ་མཁོ་ཆས་ཁ་གསབ་བྱས་ནས་འབད་འཐབ་བྱེད་མཁན་ཚོར་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད།
ནམ་ལངས་པ་དང་ཨར་འདམ་མཐའ་མ་དེ་གནད་ལ་འཁེལ་པོས་ལུགས་པང་ནང་བླུགས་ཟིན་པས། འཛུགས་སྐྲུན་པ་ཚོས་དགའ་འབོད་བྱེད་པ་དང་བསྟུན་ནས་སྒམ་གདུང་ངོས་ཀྱི་རི་མོ་དག་ཀྱང་གསལ་ཐིང་ངེར་མཐོང་རྒྱུ་ཡོད། ཞིབ་བཤེར་བྱས་པ་བརྒྱུད། སྒམ་གདུང་གི་དམིགས་ཚད་ཁག་སྤུས་ལེགས་ཀྱི་ཚད་གཞིར་སླེབས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སླད་ཕྱིན་ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ཉིན་དེར་ལྷ་ས་དང་འབྲེལ་མཐུད་བྱེད་པའི་དཔལ་འབྱོར་འབྲེལ་ཐག་དེས་འཕར་རྩ་ཞིག་དང་འདྲ་བར་ས་གནས་གཉིས་སྦྲེལ་ནས་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཁུལ་གསར་གྱི་ཐོན་ལས་འཆར་འགོད་དང་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་ཀྱི་ས་ཞིང་གཤིན་པོའི་ཐོན་ཁུངས་འབེལ་པོ་ཕན་ཚུན་གཅིག་མཐུན་ཡོང་བར་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཟམ་ཆེན་དེ་དམག་འཁྲུག་སྐབས་སྐྱེལ་འདྲེན་གྱི་ངར་ལྕགས་ལྟ་བུའི་བགྲོད་ལམ་དང་། ས་ཁོངས་མཐུན་སྦྱོར་གྱི་འཕེལ་རྒྱས་འཁོར་ཐིག ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་བར་ཁྱམས་ཡག་ཤོས་བཅས་ཡིན་པའི་ངོས་ནས་ས་ཁོངས་ཐོན་ལས་ཕན་ཚུན་གསབ་རེས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གྱི་འཕར་སྣེ་གསར་པ་གཏོད་པར་རམ་འདེགས་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།