དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས།

    བྱེད་ཐབས་སྣ་མང་སྤྱད་དེ་གཞི་རིམ་བཅོས་སྐྱོང་གི་སྦྲེལ་ཟམ་ཤར་གཏོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-16

    ད་ཕན་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་ལ་སྣེ་ཁྲིད་དེ་ཕན་ཆེ་བཅོས་སྐྱོང་གི་ལོ་གསུམ་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པ་དང་། སྣ་མང་མཉམ་འགུལ་དང་། རིམ་མང་ཤུགས་འདོན། བྱེད་ཐབས་མང་པོ་མཉམ་སྤྱོད་བཅས་བྱས་ཏེ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་དང་། གཞི་རིམ་གྱི“རྟེའུ་སྒ་གཏད”ཀྱི་དཀའ་གནད་སེལ་བ། འགན་འཁྲི་གསལ་བཟོ་ཚད་བརྒལ་དུ་བྱེད་པ་བཅས་བྱེད་ཐབས་སྣ་མང་སྤྱད་ནས་གཞི་རིམ་བཅོས་སྐྱོང་གི་སྦྲེལ་ཟམ་ཤར་གཏོང་ཐུབ་པར་བྱས་པ་རེད།

    མངའ་རིས་ས་ཁུལ་གྱིས་ཆེད་དོན་འགག་སྒྲོལ་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་ཤང་དང་གྲོང་རྡལ་གྱིས་འགན་སྒྲུབ་གསལ་ཐོ་བཟོ་བའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་མ་ཟད། གྲོང་ཚོ(གྲོང་ལྷན)ཨུ་ལྷན་གྱིས་ཁྲིམས་བཞིན་འགན་འཁྲི་སྒྲུབ་བར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། མངའ་རིས་ས་ཁུལ་གྱི་རྫོང་བདུན་གྱིས་གྲོང་ཚོའི(སྡེ་ཁུལ)དོན་ཚན་དཀར་ཆག་བཟོས་པ་དང་། གྲོང་ཚོས(སྡེ་ཁུལ)ཁྲིམས་བཞིན་འགན་སྒྲུབ་དོན་ཚན་གསལ་ཐོ་193བཟོས་པ་དང་གཞོགས་འདེགས་སྒྲུབ་གཉེར་དོན་ཚན་གསལ་ཐོ་299 གྲོང་ཚོས(སྡེ་ཁུལ)ངོ་སྤྲོད་འབྲི་མི་ཆོག་པའི་དོན་ཚན་གསལ་ཐོ་152 ལས་དོན་གྱི་བཀག་རྒྱ་གསལ་ཐོ་20བཅས་གཏན་འཁེལ་བྱས་པ་མ་ཟད། ལམ་ལུགས་གཅུན་འདོམས་བརྒྱུད་གཞི་རིམ་ལས་བྱེད་པ་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་སོགས་གཙོ་གནད་ལས་དོན་ལ་ཞུགས་པའི་འགན་ལེན་བྱས་ཡོད།

    དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད། མངའ་རིས་ས་ཁུལ་གྱིས་2025ལོའི་གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་གོ་སྐབས་སུ་བྱས་ཏེ་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་དང་གྲོང་ཚོ(གྲོང་ལྷན)ཨུ་ལྷན་སོགས་རྗེས་གྲབས་སྟོབས་ཤུགས་མཐིལ་རྟོགས་ཞིབ་འཇུག་བྱས་ཏེ། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”དང་གྲོང་དོན་ལྟ་སྐུལ་ཨུ་ལྷན་1225གྲ་སྒྲིག་བྱས་ཡོད། གྲོང་སྡོད་སྟོབས་ཤུགས་དྲག་འདེམས་ཧྲག་སྒྲིག་བྱས་པར་བརྟེན་གྲོང་སྡོད་ལས་དོན་རུ་ཁག་147དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་625ཚང་མ་དམིགས་སར་འབྱོར་ནས་མུ་མཐུད་ལས་དོན་བསྒྲུབས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།