དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོའི་ལྷ་སའི་སྦི་རག་དུས་ཆེན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-16

     ཟླ་7ཚེས་12ཉིན། བོད་ལྗོངས་ལྷ་ས་སྦི་རག་ཚད་ཡོད་ཀུང་སིས་གཙོ་གཉེར་བྱས་པའི་2025ལོའི་ལྷ་སའི་སྦི་རག་དུས་ཆེན་ལྷ་ས་ཝང་ཧྥུའུ་ཅིང་ཐང་ཆེན་བྱང་མར་འགོ་ཚུགས་ཤིང་། བྱེད་སྒོ་འདི་ཟླ་8ཚེས་10ཉིན་བར་སྤེལ་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྦི་རག་དང་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་མཉམ་འདྲེས་བྱས་པའི་གྲོང་ཁྱེར་གྱི་དུས་ཆེན་བྱེད་སྒོ་ཞིག་ཡིན་པའི་ཆ་ནས། སྐབས་འདིའི་སྦི་རག་དུས་ཆེན་ཐོག “མཚན་མོའི་དཔལ་འབྱོར+དབྱིངས་ཞུགས་རྣམ་པའི་འཛད་སྤྱོད”ལྟེ་བར་བྱེད་པ་དང་། “ཆང་རག་རིག་གནས+གཞོན་ནུའི་དར་སྲོལ+གྲོང་ཁྱེར་འཚོ་བ”གཙོ་རྐང་དུ་བྱས་ནས། སྦི་རག་ཅི་དགར་འཐུང་བ་དང་། ཞིམ་ཟས་ཉམས་སུ་མྱོང་བ། རོལ་དབྱངས་འཁྲབ་སྟོན། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ། རོལ་རྩེད་ཐད་གཏོང་མཉམ་འགུལ་སོགས་ལེ་ཚན་མང་པོ་བཀོད་སྒྲིག་བྱས་ཡོད་པས། རིག་གནས་དང་འཛད་སྤྱོད་ཕྱོགས་གཉིས་ཀར་ཕན་པ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།