བོད་ཀྱི་རླངས་འཁོར་ཐོན་ལས་རྟེན་གཞི་དང་པོ་སྐྲུན་འགོ་ཚུགས་པ།
ཉེ་ཆར་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཁྲེང་ལི་རླངས་འཁོར་ཐོན་ལས་གླིང་གི་རྣམ་གྲངས་དང་ཤ་གསོས་ཤང་གི་ཚད་གཞི་མཐོ་བའི་བཟོ་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་རྩིག་རྨང་འདིང་བའི་མཛད་སྒོ་འཕྱོངས་རྒྱས་རྫོང་བོད་སྐྱོར་ཐོན་ལས་གླིང་དུ་འཚོགས་པ་དེ་ཐོག་ནས་བོད་ཀྱི་ཆེད་སྤྱོད་རླངས་འཁོར་བཟོ་སྐྲུན་ཁེ་ལས་དང་པོ་འཕྱོངས་རྒྱས་རྫོང་ཁྲེང་ལི་རླངས་འཁོར་ཐོན་ལས་རྟེན་གཞི་དངོས་སུ་སྐྲུན་འགོ་ཚུགས་པ་མཚོན་གྱི་ཡོད།
བོད་སྐྱོར་མ་དངུལ་དང་རྫོང་རིམ་པ་དེ་གའི་ནོར་སྲིད་མ་དངུལ་མཉམ་དུ་བཏང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པའི་རྣམ་གྲངས་དེ་ནི་ཧུའུ་པེ་དང་བོད་ཀྱིས་ཁ་གཏད་རོགས་སྐྱོར་ཟབ་ཏུ་གཏོང་བ་དང་ལག་གདང་སྦྲེལ་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་རེད། རྣམ་གྲངས་དེ་ལེགས་གྲུབ་བྱུང་རྗེས། སྤུས་ལེགས་ཁེ་ལས་ཞུགས་རྒྱུའི་ཡིད་དབང་བཀུག་ནས་འཕྱོངས་རྒྱས་རྫོང་གི་ཐོན་ལས་ཀྱི་ཐེག་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་སྤེལ་དང་། ས་གནས་དེ་གའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། འཕྱོངས་རྒྱས་རྫོང་གི་དཔལ་འབྱོར་སྤུས་འབྲས་ལེགས་གཉེར་ཡོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
འབྲེལ་ཡོད་གསར་འགྱུར།