སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་གཟིགས་བྱ་ཡུལ་ཡོངས་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་གཟིགས་ཀྱིས་པེ་ཅིང་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར། ལེའོ་ཉིང་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། ཧྥུའུ་ཅན་ཞིང་ཆེན། ཧྲན་ཏུང་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས། ཁྲུང་ཆིང་གྲོང་ཁྱེར། ཀུའེ་ཀྲོའུ་ཞིང་ཆེན། བོད་རང་སྐྱོང་ལྗོངས། ཧྲའན་ཤིས་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)བཅས་16ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱ་རྒྱུ་མ་ཟད། འབྲེལ་ཡོད་ཞིང་ཆེན་གྱི་སྐོར་གཟིགས་ལས་ཁུངས་དང་མཉམ་དུ་ཧྲེན་དབྱང་གྲོང་ཁྱེར་དང་། ཏ་ལན་གྲོང་ཁྱེར། ཧར་པིན་གྲོང་ཁྱེར། ནན་ཅིང་གྲོང་ཁྱེར། ཞ་མོན་གྲོང་ཁྱེར། ཅི་ནན་གྲོང་ཁྱེར། ཆིང་ཏའོ་གྲོང་ཁྱེར། ཀོང་ཀྲོའུ་གྲོང་ཁྱེར། ཧྲེན་ཀྲེན་གྲོང་ཁྱེར། ཤིས་ཨན་གྲོང་ཁྱེར་བཅས་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་10ལ་མཉམ་འགུལ་སྐོར་གཟིགས་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།