མཁའ་གྲུ་ཨང་དགུ་པའི་འཕུར་གྲུ་དང་མེ་ཤུགས་འཕུར་མདའི་སྡེབ་སྒྲིག་ཕུང་པོ་འཕེན་གཏོང་ཁུལ་དུ་དབོར་བ།
ཉེ་དུས་དུས་ཚོད་བདམས་ནས་འཕེན་གཏོང་བྱ་རྒྱུ་ཡིན་པ།
ཚེས་12ཉིན། མཁའ་གྲུ་ཨང་དགུ་པའི་ཟོག་འདྲེན་འཕུར་གྲུ་དང་རྒྱང་སྐྱོད་ཨང་བདུན་པའི་རྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བཅུ་པའི་སྡེབ་སྒྲིག་ཕུང་པོ་འཕེན་གཏོང་ཁུལ་དུ་དབོར་ཡོད།
མིག་སྔར་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ཐང་གི་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་གནས་ཚུལ་ལེགས་ཤིང་། འཆར་གཞི་ལྟར་འཕེན་གཏོང་གོང་གི་བྱེད་ནུས་ཁག་ལ་ཞིབ་བཤེར་དང་མཉམ་འབྲེལ་ཚད་ལེན་ཚོད་ལྟ་སོགས་ཀྱི་ལས་དོན་སྤེལ་རྗེས། ཉེ་དུས་དུས་ཚོད་བདམས་ནས་འཕེན་གཏོང་བྱ་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།