དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཚོང་དོན་པུའུ་སོགས་སྡེ་ཚན་དགུ་ཡིས《2025ལོའི་ཁྱིམ་ལས་ཞིང་དར་བྱ་སྤྱོད་ཀྱི་ལས་དོན་ཇུས་གཞི》བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-15

    ཉེ་ཆར། ཚོང་དོན་པུའུ་སོགས་སྡེ་ཚན་9ཡིས་མཉམ་དུ《2025ལོའི་ཁྱིམ་ལས་ཞིང་དར་བྱ་སྤྱོད་ཀྱི་ལས་དོན་ཇུས་གཞི》བཀྲམ་སྟེ། ལས་འགན་ཁག་14བཏོན་ནས་ཁྱིམ་ལས་ཞིང་དར་གྱི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བ་དང་། ཁྱིམ་ལས་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། ཁྱིམ་ལས་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་རེད།

    ཇུས་གཞིའི་ནང་བཏོན་དོན། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཁྱིམ་ལས་ཁྱབ་ཁོངས་སུ་ལས་ཞུགས་བྱེད་པར་རྒྱབ་སྐྱོར་གྱིས་འཚོ་བའི་ཞབས་ཞུའི་ལས་བསྡུའི་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་བ་དང་། ས་གནས་ཁག་གི་བཟོ་ཚོགས་ཀྱིས“བཟོ་ཚོགས་ཀྱིས་ལས་ཞུགས་ལ་རོགས་རམ་བྱ་སྤྱོད”སྤེལ་རྒྱུར་མཛུབ་ཁྲིད་བྱས་ནས་སྡེ་ཁུལ་དུ་ཁྱིམ་ལས་ཞབས་ཞུ་ཁྱབ་གདལ་ལ་སྐུལ་འདེད་བཏང་སྟེ་ཁྱིམ་ལས་ངལ་ལས་འབྲེལ་མཐུད་ཀྱི་བྱ་སྤྱོད་མུ་མཐུད་སྤེལ་དགོས། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཁྱིམ་ལས་ཁྱབ་ཁོངས་སུ་ལས་ཞུགས་ཐུབ་ནུས་ཆེ་རུ་གཏོང་བ་དང་། ཁྱིམ་ལས་ཞབས་ཞུ་བའི་རྩལ་ནུས་མཐོར་གཏོང་ལ་སྐུལ་འདེད་བཏང་སྟེ། ཁྱིམ་ལས་ལས་རིགས་སློབ་གསོ་འཕེལ་རྒྱས་མྱུར་པོ་ཡོང་བར་བྱེད་པ་དང་ཁྱིམ་ལས་ཞབས་ཞུ་ལས་རིགས་ཀྱི་ཐོན་སློབ་མཉམ་འདྲེས་ཟབ་ཏུ་བཏང་སྟེ་ཁྱིམ་ལས་ཞབས་ཞུའི་ཚད་ལྡན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཁྱིམ་ལས་ཁྱབ་ཁོངས་སུ་ལས་ཞུགས་ཐུབ་པའི་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡོད་ཁང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོང་ཁྱེར་དུ་ཡོང་བའི་ཁྱིམ་ལས་ཞབས་འདེགས་ཞུ་མཁན་ལ་འདྲ་མཉམ་ངང་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་པ་དང་ས་གནས་དེ་གའི་སྤྱི་ཚོགས་དང་མཉམ་འདྲེས་མགྱོགས་པོ་ཡོང་བར་མཐུན་རྐྱེན་བསྐྲུན་ཏེ་སྤྱི་ཚོགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱིས་ཁྱིམ་ལས་ཁྱབ་ཁོངས་སུ་ལས་གཏོད་ལས་ཞུགས་བྱེད་པར་ཞབས་འདེགས་ཡག་པོ་ཞུ་བ་དང་། ཁྱིམ་ལས་སོགས་ཆེད་ལས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་དང་། གྲོང་ཁྱེར་དུ་ཁྱིམ་ལས་ཞབས་འདེགས་ཞུ་བར་ཡོང་མཁན། བུད་མེད་སོགས་ཀྱི་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱས་ནས། ཁྱིམ་ལས་ལས་ཞུགས་མི་སྣའི་ལས་རིགས་ཀྱི་གཟི་བརྗིད་བསམ་པ་དང་གཏོགས་སེམས་ཆེ་རུ་གཏོང་བ་དང་། ཁྲལ་གྲོན་སྲིད་ཇུས་དྲིལ་བསྒྲགས་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཁྱིམ་ལས་ཞབས་ཞུའི་ཁེ་ལས་ཀྱིས་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།