ཀྲེང་ཧོ་ནུབ་གླིང་དུ་བསྐྱོད་ནས་ལོ་ངོ་620འཁོར་བར་དྲན་གསོ་ཞུ་བའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་རིག་གནས་སྤེལ་རེས་འགྲེམས་སྟོན་འགོ་ཚུགས་པ།
ཚེས་11ཉིན་གྱི་དགོང་མོར། “ལེ་དབར་ཁྲི་སྟོང་ཆོད་ཀྱང་སྔར་བཞིན་ཁྱིམ་མཚེས་ཡིན——ཀྲེང་ཧོ་ནུབ་གླིང་དུ་བསྐྱོད་ནས་ལོ་ངོ་620འཁོར་བར་དྲན་གསོ་ཞུ་བའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་རིག་གནས་སྤེལ་རེས་འགྲེམས་སྟོན”ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་མཛེས་རྩལ་དང་རྫ་ཆས་རྟེན་མཛོད་ཁང་དུ་འགོ་ཚུགས་པ་རེད།
ད་རེས་ཀྱི་འགྲེམས་སྟོན་ནི་ཀྲུང་གོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་དང་། ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། ཀྲེང་ཧོ་ཞིབ་འཇུག་ཁང་བཅས་ཀྱིས་གཙོ་གཉེར་དང་། ཧྲང་ཧའེ་སྒྱུ་རྩལ་ཐོན་རྫས་རྟེན་མཛོད་ཁང་དང་། ཧྲང་ཧའེ་ཀྲུང་གོའི་མཚོ་འགྲུལ་རྟེན་མཛོད་ཁང་། ཅ་ཁར་ཐ་མཛེས་རྩལ་དང་རྫ་ཆས་རྟེན་མཛོད་ཁང་བཅས་ཀྱིས་གཉེར་འགན་འཁུར་བ་ཞིག་ཡིན་ཞིང་། འགྲེམས་སྟོན་གྱི་དུས་ཡུན་ཟླ་བ་གཅིག་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།