ཀྲུང་གོ་དང་པར་ཙིར་གྱི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ཀྱི་མཉམ་ལས་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་ཕྱེ་བ།
ཉེ་ཆར། ཀྲུང་གོ་མི་དམངས་སློབ་ཆེན་དང་། པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན། པར་ཙིར་ལི་གཡོད་རེ་ནེ་ལུའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན། པར་ཙིར་སྨི་ནཱ་སི་ཅི་ལ་སི་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་བཅས་ཀྱིས་མཉམ་དུ་བཙུགས་པའི་ཀྲུང་གོ་དང་པར་ཙིར་གྱི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ཀྱི་མཉམ་ལས་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་རུ་ཕྱེ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་འཇུག་ལྟེ་གནས་དེས་སློབ་གྲྭ་བཞིའི་སྲོལ་རྒྱུན་གྱི་དགེ་མཚན་ལྡན་པའི་རིག་ཚན་དང་གསར་དར་ཁྱབ་ཁོངས་ཀྱི་རིག་ཚན་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། རིག་གཞུང་མཉམ་ལས་དྲ་རྒྱ་གཏིང་ཟབ་འཛུགས་པ་དང་ཤེས་བྱ་གསར་གཏོད་དང་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་པར་ཙིར་གྱི་གཞོན་ནུའི་དབར་སྤེལ་རེས་དང་། སློབ་གསོ་མཉམ་ལས། མི་ཆོས་རིག་གནས་གླེང་མོལ་དང་ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱི་ལས་སྟེགས་གསར་པ། འཐབ་ཇུས་བར་མཐོངས་དང་ཁྱད་ལྡན་སྤུས་རྟགས་བཅས་ཧུར་ཐག་བཏོད་དེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐོ་སློབ་མཉམ་ལས་ཀྱི་དཔེ་མཚོན་གཏོད་རྒྱུ་རེད།
ཚེས་5ཉིན། པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་དང་ལི་གཡོད་རེ་ནེ་ལུའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱིས་མཉམ་དུ་གཉེར་བའི་ཁུང་ཙི་སློབ་གླིང་གི་སྒོ་བྱང་དངོས་སུ་ཕྱེ་བ་དང་། པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་དང་ཀྲུང་གོ་མི་དམངས་སློབ་ཆེན་གཉིས་ཀྱིས་པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་པར་ཙིར་གསར་གཏོད་ཞིབ་འཇུག་ཁང་མཉམ་དུ་སྐྲུན་པའི་མཉམ་ལས་ཀྱི་དྲན་ཐོར་མིང་རྟགས་བཀོད་པ་རེད།
འབྲེལ་ཡོད་གསར་འགྱུར།